e-texts navigator
Collection
Volume
Page
Wylie

205b1 དྲུང་ཤེས་རབ་ཡན་ཞེས་ཟེར།། དེ་སྐྲོད་ཐབས་པ་བརྟེན་སྒྲུབར།། རངྒ་དང་དག་བཟླས་འཚབ་ཞྭ།། ད་ང་བྱུང་ཐབས་མ་དགོས།། ཐབས་ནས་རིག་ཟུང་བརྒྱས།། གས་དང་བལ་རྒྱས་སུ་བསྐྱེད།། རྒྱུ་མེད་འབྲས་གྲགས་པས
205b2 ཚིག། ཡང་རྗེ་ཐསེམས་དཔའ་ཉིད།། རང་བྱང་ཆུབས་ཀྱེ་འང་བ་དགེ།། ས་ལ~ཾ་བདྷཱ་ལ~ཾ་ཀ་བཞིན།། ཧྲཱིནནས་བརྒྱད་ཏུ་བྱུད་དྷེ།། སྲས་ཀྱང་ས་བྱས་རྩེ་ངས་མྱེད།། དེ་ཕྱི་རྗེས་ཉིད་བརྡལ་པ་ཛིང་།། རང་ཐ~ཾ་སེགས་རྒྱས་པ
205b3 རྐྱེན་མེད་རང་གསལ་རྒྱུན་མཚང།། གཉེན་པོའི་རྐྱེན་གྱིས་བཅོས་སུ་མེད།། རྒྱུ་ལས་མ་བྱུང་སངས་རྒྱས་ཡི་ནི།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྐྱེ་མེད་རང་བྱུང་དོན་རྟོགས་པས།། ཚོགས་གཉིས་བསགས་པས་བྱེད་པར་འཕགས།
205b4 ཚོགས་བ་སྔགས་ཅད་མོ་འདྲ།། དྲང་དོན་ཚོགས་གསོག་གཡེངས་པས་ཕུང་།། གཟུགས་སུ་ཚོགས་གཉིས་ལས་མ་བྱུང་།། དེ་ཕྱིར་ཆོས་སུ་རྟོགས་གྱུར་ནས།། ཚོགས་མ་བསགས་པའི་གཟུགས་སུ་བྱུང་།། དེ་ཕྱིར་རྒྱུ་མེད་འབྲས་བུ་ཡིན།། དེ་ཡང།
205b5 འདུས་པའི་སྟེང་པོ་ཏོན།། ངོ་བོ་གཅིག་ལ་ཐ་དད་མེད།། བྱུང་དང་མེ་ལོང་གཟུགས་བརྙན་བཞིན།། ཆོས་སྐུའི་རྩལ་ནི་གཟུགས་སྐུ་གཉིས།། ཚོགས་མ་བསགས་པར་ཤུགས་ལ་བྱུང་།། སྐུ་གསུམ་འགྲོ་དོན་ཐ་དད་ཀྱང་།། ཆུ་རྐྱེན་མ་སྐྱེས་ཡེ་ནས
205b6 གནས།། དེ་ཕྱིར་ཆོས་སུའི་རང་རྩལ་ནི།། མཐོང་སྣང་སྣ་ཚོགས་ཅིར་ཡང་འཆར།། དེ་ཙམ་ཉིད་ན་ཆུ་རྐྱེན་བྲལ།། དཔེར་ན་ནམ་མཁའ་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི
205b7 ལས། སྦྲུ་ལས་མཐུང་བའི་འབྲས་དུ་བསྟན་པའི་ལེའུ་སྟེ་བརྒྱད་ངདོན་གཉིས་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ལུང་ལམ་བརྟེན་གདམས་ངག་ནི།། དང་ལྡན་འཁོར་ལ་བཀའ




iiif viewer powered by OpenSeadragon

205a - 206a

Texts on this page

Gdg002.12 - snang srid kha sbyor bdud rtsi chu thig 'khor ba thog mtha' gcod pa'i rgyud