e-texts navigator
Collection
Volume
Page
Wylie

205a1 སངས་རྒྱས་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གཅིག་པ་ལ།། དེ་ནས་འདུས་པའི་ཚོགས་རྣམས་ལ།། རྒྱུ་ལས་མ་བྱུང་འབྲས་བུ་དེ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རྒྱུ་རྐྱེན་མེད་པའི་མཐུན་དཔོན།
205a2 རིན་ཆེན་ཀུན་ལྡན་བཞིན།། ཆོས་སུ་རྒྱལ་རག་མ་ལུས།། རྐྱེན་ལ་མི་གོས་ཐོས་རྗེ་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། གྲཝ་ནི་འདྲེས་བྱས་མི་རྟག་ཕྱིར།། གཉེན་པོས་འཇིག་ཕྱིར་རྐྱེན་ཁར་འགྲོ།། དེ་ཕྱིར་རྐྱེན་གྱིས་མ་སྦེད་པའི།། རང་བྱུང
205a3 འགྱུར་མེད་དེ།། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན།། གྱི་ནང་ཀུན་གྱི་བགྲ་ཆགས་ཀྱི།། རྒྱུ་ཆེན་དྲན་པས་བསྐྱེད་པའི་ཕྱིར།། རང་གིས་རུང་བསླུས་འཛིན་པ་ཡིས།། འཁྲུལ་བ་ཡིན་པར་ཐེ་ཚོམ་མེད།། དེ་ཕྱིར་འཁོར་འདས་མ་རེག་པའོ།། དེ་དོན་ཆོས
205a4 ནི།། རྒྱུ་ལས་མ་བྱུང་རང་བྱུང་སུ།། རྐྱེན་གྱིས་མ་བསྐྱེད་འབྲས་བུ་ཡིན།། དེ་ཡང་འདྲེས་པའི་སྙིང་པོ་ཉོན།། མ་རིག་རྒྱུ་ལས་མ་སྐྱེས་པའི།། རང་བྱུང་ངོ་བོ་ཉིད་ཀྱི་སྒྲ།། ཀུན་བརྟགས་རྐྱེན་གྱིས་མ་བསྐྱེད་ཕྱིར།། འབྱུང་བ་བཞི་པ་བརྟེན
205a5 ནམ་མཁའི་སྟོང་པ་རྒྱུ་མེད་ཕྱིར།། རིག་པསྟོད་ལ་རྒྱས་མ་བསྐྱེད།། ནམ་མཁའ་འབྱུང་བཞིའི་རྐྱེན་མི་ཚུགས།། དེ་བཞིན་ཆོས་སྒྱུ་འགྱུར་བ་མེད།། དེ་ཕྱིར་རྐྱེན་ལས་མ་སྐྱེས་པའི།། འབྲས་བུ་ངེས་པར་ཡོད་མ་ཡིན།། དེ་ཡང་འདུས་པ
205a6 མེད་འབྲས་བུ་ཡོད་མ་ཡིན།། རྒྱ་མཚོའི་གསེར་ལོ་རྒྱུ་མེད་ལྟར།། རིག་པ་དྲང་གྲོལ་རྒྱུས་མ་བསྐྱེད།། གསེར་དེ་གཡའ་ཡིས་མི་གོས་བཞིན།། ཆོས་སུ་རྐྱེན་གྱིས་མི་འགྱུར་བས།། དེ་ཕྱིར་རྒྱུ་ལས་མ་བྱུང་བའི།། འབྲས་བུ་ངེས་པར་ཡོད་པ་ཡིན།།
205a7 ཅན་རྒྱུ་ལས་མ་སྐྱེས་པའི།། ཀུན་བཟང་སངས་རྒྱས་ཡོད་པར་ངེས།། སྔོན་གྱི་སངས་རྒྱས་རྒྱས་མ་སྐྱེད།། རྐྱེན་མེད་རང་བྱུང་ཡིན་པའི་ཕྱིར།། ཡེ་ནས་སངས་རྒྱས་ཡིན་པར་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་སངས་རྒྱས་རྒྱ་རྐྱེན་ནི།། ཐབས




iiif viewer powered by OpenSeadragon

204b - 205b

Texts on this page

Gdg002.12 - snang srid kha sbyor bdud rtsi chu thig 'khor ba thog mtha' gcod pa'i rgyud