| | e-texts navigator
|
203b1 རྐྱེན་ཐུབ་སྲིད་པརང་བྱུང་སེལ།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། འབྲས་བུ་བྱེན་ཐུབ་ཀྱི་ལེའུ་སྐྱེ་བཅུ་གཅིག་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། འཁྲུལ་བ་སྐྱེན་ཐུབ་བསྟན་པ་ནི།། ཐོག་མ་འཁྲུལ་པ་རླུང་གིས་འཁྲུལ།། བར་དུ་འཁྲུལ
203b2 པ་ཆགས་སྡང་འཁྲུལ།། ཐ་མ་རང་སྣང་འོད་ལ་འཁྲུལ།། ལྷུན་གྲུབ་མ་ནིང་འཁྲུལ་པའི་རླུང་།། རླུང་གིས་ཐམས་ཅད་གྲུབ་པ་ཡིན།། འབྲས་བུ་འཁྲུལ་པ་སྣ་ཚོགས་སྨིན།། རླུད་དེའི་ཡེ་ཤེས་ཤེས་པ་དེ།། མི་འགགཔ་ལ་རླུང་ཞེས་བྱ།། རང་ལུས་ཀླུང་གི་དཀྱིལ་འཁོར་ན།། རྩ་ལྔ་ཚངས་པའི
203b3 སྤྱད་པ་ལ།། རླུང་རྒྱུ་རླུང་ལ་དྲོད་ཡོད་པས།། ཚངས་པའི་སྐར་ཁུང་རླངས་པ་དེ།། ཉིན་ཞག་གཅིག་ལ་བརྒྱད་ཁྲི་བཞི་སྟོང་རྒྱུ།། ཆོས་ཉིད་མེ་ལོང་གསལ་བ་ན།། རླུང་ནི་འགག་མེད་གསལ་བར་རྒྱུ།། སྟོད་ནི་མྱ་ངན་འདས་པའི་རླུང་།། ཤེས་རབ་དག་ལ་རྨྱ་བའོ།། སླད་ནི་དཁོར་བ་དང་།
203b4 གི་རླུང་།། ཐིག་ལ་དཀར་དུ་མར་གཉིས་ལ་རྒྱ།། ལྟེ་བརླུང་གི་འཁོར་ལོན།། ངན་འགྲོ་གསུམ་གྱི་སྒོ་ཡང་ཡོད།། སྙིང་གི་ཆོས་ཀྱི་འཁོར་ལོན།། མཐོ་ས་གསུས་ཀྱི་སྒོ་ཡང་ཡོད།། ཐེག་དགྲ་སྒོ་གུ་སྟོད་ན་གསུམ།། ཐེག་གསུམ་ལྡན་གསུམ་དག་ལ་སྣར།། ཐིག་གཅིག་མི
203b5 གཅིག་དྲི་མ་མེད།། མཛོད་སྤུ་རང་གསལ་སྒྲོན་མེ་ཡང་།། དེ་ལ་དོ་སྤོད་འཁྲུལ་པ་རྐྱེན་ཐུབ་ཡིན།། ངན་འགྲོའི་སྒོ་གསུམ་དཀར་དམར་དང་།། དྲི་ཆེན་སྒོ་རུ་བྱུང་བ་ཡིན།། དཀར་པོ་དམྱལ་བ་དམར་པོ་ཡི་དྭགས་སོ།། བཤང་ཁ་བྱོལ་སོང་སྒོ་ཡིན་ནོ།། ཕེཾ་དང
203b6 ལ་གསུམ་ཀ་ཚད།། དུས་ཚོད་འབྱུང་བས་རང་བྱུང་ཡིན།། ཞེས་གསུངས་སོ།། སྤྱན་རས་གཟིགས་ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས་འཁྲུལ་པ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། ། སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོའོ།། སྡུད་པ་པོ
203b7 སྤྱན་ངས་གཟིགས་སེང་གེ་རྣམ་པར་རྩེ་བའོ།། ཞུ་བ་པོ་མཁའ་འགྲོ་མ་ཉི་མའི་ཕྲེང་བའོ།། སྤྱན་རས་གཟིགས་ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ཆེན་པོ་ཞེས་བྱ་བ་འཁོར་མཁའ་འགྲོ་མ་ལ་རབ་ཏུ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། རྩེ་གཅིག་གི་རྒྱུད་ཆེན་པོ་ཞེས་བྱ་བ་རྫོགས་སོ།།
iiif viewer powered by OpenSeadragon
203a - 204a