| | e-texts navigator
|
202b1 ལ།། སྱེ་རྒན་འཆི་བཞི་པོ་ལ།། རྐྱེན་ཐུབ་པར་དོར་གདོང་ནས་དག། དྲུག་ལྔ་ཡེ་ཤེས་ཝ་རུ་དང་།། རང་སྡང་ཡེ་ཤེས་འཕེལ་འགྲིབ་མེད།། ཆགས་སྔང་རྒྱན་ཐུབ་དང་སྡང་གསལ།། རང་བྱུང་རྩ་ལྔ་ཡེ་ཤེས་ལྔ།། ཁ་དོག་ལྔ་ལས་གྲུབ་པའི་རྩ།། དབུས་མཐིང་གཡས་དཀར
202b2 གཡོན་དམར་བ། མདུན་དང་རྒྱབ་ནི་སེར་དང་ལྡང་།། སྲུད་པ་ལྔ་ཡང་ཡེ་ཤེས་ལྔ། གསལ་བྱེད་སྤྱན་ལྔས་རབ་ཏུ་མཛེས།། ཤེལ་གྱི་སྦུ་གུ་ཞེས་ཀྱང་བྱ།། ལོངས་སྐུ་འོད་གསལ་ཞེས་ཀྱང་བྱ།། ཚངས་པའི་སྤྱད་པ་ཞེས་ཀྱང་བྷ།། ཡེ་ཤེས་རྒྱ་སྲང་ཞེས་ཀྱང་བྱ།། གསང་བའི་ལབ
202b3 ཆེན་དེ་ཡིན་ནོ།། དེ་ཡི་ནང་ན་འདས་པ་ལྔ།། མུ་ཏིག་དཀར་པོ་དྲི་མ་མེད།། རཱ་ག་དམར་པོ་ཤིན་ཏུ་དངས།། གསེར་འདྲ་སེར་པོ་ཡོན་ཏན་རྒྱས།། བཻ་ཟུང་མཐིང་ག་འགྱུར་མེད་སྟོན།། ནཱི་ལ་ལྗང་གུ་རབ་ཏུ་འཕྲོ།། ཚངས་པའི་སྐུད་པའི་ནང་ན་གསལ།། རིན་ཆེནཱ་སཱ་ཝ་ལས་གྲུབ་པའི
202b4 ཡེ་ཤེས་ཁོ་ན་ཆོས་མིན་ཏེ།། གསང་བའི་ཡེ་ཤེས་རྐྱེན་ཐུབ་ཡིན།། བར་ཆད་མེད་པས་རྒྱུན་མི་འཆད།། བྱེད་པས་མ་བྱས་འདུས་བྱས་མིན།། ཡེ་ཤེས་ཆད་མེད་རྐྱེན་ཐུབ་པོ།། རྐྱེན་མེད་ཡེ་ཤེས་རང་སྣང་གཅེས།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། ཡེ་ཤེས།།
202b5 རྐྱེན་ཐུབ་ཀྱི་ལེའུ་སྟེ་བརྒྱད་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། མཁའ་འགྲོ་མ་ཡི་ཚོགས་རྣམས་ལ།། ངེས་ཤེས་རྐྱེན་ཐུབ་བསྟན་པ་ནི།། གཞི་ངེས་སངས་རྒྱས་གཞི་རུ་ཤེས།། ལམ་དེས་གཞི་ཤེས་ཆོས་ཀྱི་མཆོག། འབྲས་བུ་གཞི་འདས་རོ་ཤེས་ཕྱིར་མི་ལྡོག།
202b6 རྒྱུ་མེད་དང་ཤར་ངེས་ཤེས་རང་བྱུང་བ།། ལྟ་བ་ང་བལྟ་སྣང་སྲིད་ངེས་ཤེས་བརྟས།། བསྒོམ་པ་རང་ཤར་ངེས་ཤེས་ཕྱོག་རིས་མེད།། སྤྱོད་པ་ངེས་ཤེས་རང་བྱུང་རྒྱུ་རྐྱེན་མེད།། འབྲས་བུ་ངེས་ཤེས་མི་ལྡོག་རང་ས་ནོན།། སྐྱེ་མེད་ངེས་ཤེས་སྣང་སྲིད་རང་བྱུང་བས།། རང་བྱུང་ཡེ་ཤེས་རང་ལ
202b7 ཤར།། མ་རིག་རང་བྱུང་གཟུང་འཛིན་ཁོ་ནར་འཆད།། གཞི་རུ་ངེས་ཤེས་གཉིས་མེད་ཟད་ཐལ་ཡིན།། ལམ་དུ་ངེས་ཤེས་གཟུང་འཛིན་ལམ་དུ་སློངས།། འབྲས་བུ་ངེས་ཤེས་གཟུང་འཛིན་ཡེ་ཤེས་གྲོལ།། ཡེ་ཤེས་རྐྱེན་ཐུབ་གཟུང་འཛིན་གནས་དག། ཅེས་གསུངས་སོ།། ཏིང
iiif viewer powered by OpenSeadragon
202a - 203a