| | e-texts navigator
|
202a1 །། བྱུང་ཅན་པོ་སྤྱོད།། ཡ་ཤེས་པརང་བྱུང་དྲུང་དང་སྐྲོད།། ཤས་ར་རྡུང་རྩཝ་པ་ཤེས་ཟང་ཐལ་དྲུ་།། བླག་ནི་ཊཱིག་ལ་དག་དམང་དོ།། ཆགས་པ་སྒྱུ་བའི་ཐིག་ལ་ལ།། དེ་ནས་རང་བྱུང་ཅན་ལས་ཐོལ།། ཞེས་གསུངས་ས།། བསམ་གཏན་རྒྱགཅིག་གི་རྒྱུད་ལས
202a2 རྨི་ལམ་རྨིས་པ་རྒྱན་ཐུབ་པའི་ལེའུ་སྟེ་དྲུག་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། བར་ངོ་རྐྱེན་ཐུབ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། དྲན་པ་བཞི་པོ་རྐྱེན་ཐུབ་ལ།། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། བར་མ་དོ་ཡི་འོད་སྡང་དེ།། རང་འོད་རང་སྣང་ཀྱིན་ཐེབ་ཡིན།།
202a3 འགྱུ་བ་ཡེ་ཤེས་རླུང་ཡིན་པས།། ཡེ་ཤེས་རྐྱེན་ཐུབ་ཞེས་ཀྱང་བྱ།། ཡིད་འཇུག་ཤེས་རབ་པོ་སྤྲད་པས།། རྡོ་སྤྲོད་རྐྱེན་ཐུབ་ཞེས་ཀྱང་\ུ0f7f།། བར་དོ་ཡིན་པ་དྲན་པ་དང་།། ཚེ་འཕོས་པ་ནི་དྲན་པ་དང་།། འགྲོ་དྲུག་རང་སྣང་དྲན་པ་དང་།། ཀུན་བཅང་རངས་དྲན་པའོ།། མདོར
202a4 དྲུག་ནི་འདི་ལྟ་སྟེ།། འགྱུ་བའི་སྤྱན་གྱིས་སྔ་ཕྱི་མཐོང་།། བར་དོ་འོད་ཀྱི་སྣང་བ་མཐོང་།། དགེ་སྡིག་ལས་ཀྱི་འབྲས་བུ་མཐོང་།། ངོ་སྡོད་སངས་རྒྱས་སུ་ཡང་མཐོང་།། རིགས་མཐུན་དག་པའི་ལྷ་མི་མཐོང་།། འབྱུང་པོ་མི་མིན་འཇིག་རྟེན་མཐོང་།། སྤྱིར་ནི་འགྲོ་དྲུག་ཡོངས་མ
202a5 རྗེས་དྲན་དྲུག་ནི་འདི་ལྟ་སྟེ།། རྣམ་པར་ཤེས་པ་འགག་པར་དྲན།། དབྱུང་བ་ལྔ་པོ་ནུབ་པར་དྲན།། རང་གི་སྲོག་དབུག་སྡུད་ཆུད་དྲན།། བར་དོ་ལུས་པོ་མེད་པ་དྲན།། འགྲུ་བ་སྲོག་རྟེན་མེད་པ་དྲན།། སྒྱུ་མའི་ངོ་རྗོད་གདམས་པ་དྲན།། དྲན་པ་དྲུག་པོ་རང་སྣང་བས།།
202a6 ས་ལས་མི་འདའ་བས།། བར་དོ་རྐྱེན་ཐུབ་ཅེས་བསྟན་ནོ།། ཞེས་གསུངས་སོ།། རྩེ་གཅིག་ཟང་ཐལ་གྱི་རྒྱུད་ལས། རྨྱི་ལམ་རྨིས་པ་རྐྱེན་ཐུབ་དང་བར་དོ་སྦྱར་བ་རྒྱན་ཐུབ་ཀྱི་ལེའུ་སྟེ་བདུན་པའོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ།
202a7 ཡེ་ཤེས་རྐྱེན་ཐུབ་བསྟན་པ་ནི།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། ཡེ་ཤེས་ཟང་ཐལ་རྐྱེན་མེད་དེ།། འབྱུང་བ་ལྔ་པོ་ཡེ་ཤེས་ལྔ།། ཆགས་སྡང་མེད་པས་ཡེ་ཤེས་འཇིག། གནས་དང་སྟོང་པའི་རྐྱེན་ཐུབ་ཡིན།། ཕུང་པོ་སྒོ་ལྔ་ཡེ་ཤེས་ལྔ།། རང་བྱུང་ཡེ་ཤེས
iiif viewer powered by OpenSeadragon
201b - 202b