e-texts navigator
Collection
Volume
Page
Wylie

201b1 ཉིད་དང་ནི།། དེ་ཉིད་གཉིད་ཀྱི་རྩ་བའོ།། རྩ་བའི་གཉིད་ནི་འདི་ལྟ་སྟེ།། ཐོག་མར་རང་ལུས་གྲུབ་ཅན།། མཛད་སྤུའི་སྒོ་རུ་བག་ཆགས་གཉིད།། མ་ཡི་ཤེས་རབ་དེ་ཡིས་ཅ།། འགྱུ་བའི་ཤེས་པ་བྱིང་བར་བྱེད།། གཉིད་ཀྱི་གདམས་པ་དེ་ལྟར་ཤེས།། གཉིད་ལོག་རྟོག་པ་མེད
201b2 ཡེ། ལྷུན་གྱིས་གྲུབ་པའི་སྤྱན་ཡིན་པས།། གཉིད་དེ་ཐིག་ལེའི་ཀློད་དུ་གྲོལ།། ཐིག་ལེ་སྟོང་པར་ངོ་སྡད་ན།། གཉིད་ལོག་རྐྱེན་ཐུབ་ཞེས་བྱའོ།། ལུང་མ་བསྟན་གྱི་གཉིད་དག་ནི།། གཏི་མུག་མ་རྟོགས་ཤེས་པ་བག་ལ་ཞེ།། ཡེ་ཤེས་མ་ཤར་འཁྲུལ་པར་མི་སྡང་བས།
201b3 མ་བསྟན་རང་གྲོལ་མ་ཤེས་པས།། གཉིད་ལོག་ལམ་བྱུང་རྨིས་པ་གསུམ།། རྨི་བ་འཁྲུལ་པ་བག་ཆགས་ཡིན།། འཁྲུལ་པའི་ངོ་བོ་འགྱུ་བ་རང་ཤར་ཡིན།། གཉིད་ཀྱི་གཞི་མ་མཛོད་སྤར་ལོག། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན།། ལག་གི་དྲོད་དང་ཐིག་པའི་བྷ
201b4 གསུམ་འདུས་པ་གཉིད་ཀྱི་རྒྱུ།། རྩ་དེ་སྙིང་ལ་ཟུག་པས་ན།། ངོ་བོ་རང་བཞིན་ཐུགས་རྗེ་ཡི།། འཁྲུལ་པའི་ངོ་བ་འགྲུ་བ་རང་ཤར་ཡིན།། འགྱུ་བའི་གསང་ལམ་འགྱེས་ནས་ནི།། མཛོད་སྤྱང་གཉིད་ནི་ཕེབས་པ་ནི།། སྙིང་སྲིད་ཟག་གི་རྩེ་དང་ནི།། སྙིང་སྟེ་དག་ལེའི
201b5 དབུས་ན་རླུང་གི་རྩ་གསུམ་གནས།། ཁྲག་གཱི་རྩ་ཡིས་རླུང་རྩ་མནན།། ཐིག་ལེའི་སྟེང་དུ་འགྲུ་བ་ལོག། བསམ་གཏན་རངས་རྩ་རླུང་མནན།། ཤེས་རབ་ཡེ་ཤེས་རླུང་དུ་ངོ་སྡོད་པས།། གཉིས་མེད་ཐིག་ལེང་དཀྲོལ་ནས།། གཏད་ལོག་ལྡན་ཐུབ་ཞེས་བྱའོ།། ཞེས་གསུངས་སོ།། བས
201b6 རྩེ་གཅིག་གི་རྒྱུད་ལས་གཉིད་ཐིག་ལེ་རང་སྣང་གི་ལེའུ་སྟེ་ལྔ་པའོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྨི་ལམ་ཆིས་པ་རྐྱེན་དུ་བ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལམ་ནི་མཛོད་སྤུ་གསང་སྒོ་ཡིན།། ཤེས་རབ་ཡེ་ཤེས་སྨང་གི་ལམ་མི་སྣང་།། རྨི་ང་རྣམ་པ་བཞི་ཡིན་ཏེ།། ངག་ཆགས།།
201b7 གཉིད་ནི་མཐུན་པའི་རྨི་ལམ་ཡིན།། འཁྲུལ་པའི་གཉིད་ནི་དང་པོའི་དུས་ནས་ལྡང་།། མཚམས་སྤྱོད་ཚེ་ལྔའི་གཉིད་རྗེའོ།། ཡེ་ཤེས་གཉིད་ཀྱི་སྤྲོད་རྐྱེན་ཐུབ་པ།། འཁྲུལ་བ་གཉིད་ནི་ཡེ་ཤེས་རླུང་གྲི་གྲོལ།། མཚམས་མྱོང་ཚེ་སྡེའི་རྩིབས་གྲོལ།། བགེ་ནིརྨས་པ་རང་བྱུང་ཡེ་ཤེས་ཀྱི།། ཆགས་པར




iiif viewer powered by OpenSeadragon

201a - 202a

Texts on this page

Gdg002.11 - 'phags pa spyan ras gzigs ting 'dzin rtse gcig gi rgyud