e-texts navigator
Collection
Volume
Page
Wylie

201a1 བཅོམ་ལྡན་ཀུན་ཏུ་བཟང་བ་ཡིས།། རྡོ་རྗེ་མཁའ་འཐའ་ཚོགས་རྣམས་ལ། བསམ་གཏན་རྐྱེན་ཐུབ་བསྟན་པ་ནི།། བསམ་གཏན་ཆེན་པོ་ཕྲན་གཅིག་པ།། བསམ་གཏན་དང་ནི་བྱང་ཆགས་སལ།། རང་བྱུང་ཉམས་པས་གྲོལ་བ་ཡིན།། རྩ་གཅི
201a2 ཡེ་ཤེས་ཉམས་ལས་གྲོལ།། ཉམས་མྱོང་བག་ཆགས་ཕྲག་དོག་ཆུང་།། ཕྲ་མོའི་རྟོག་པ་རང་སར་དག། ཡེངས་པ་མེད་པ་རིག་པའི་གནད།། ཕྱིང་རྨུགས་རྒོད་དང་འགྲོ་བ་རྣམས།། དགུག་པ་བསེང་བར་བྱ་མི་དགོས།། ཡེ་ཤེས་རང་ཤར་བྲིང་རྒོད་ཀྱང་།། རང་གྲོལ
201a3 དྲབ་རྩེ་མོར་ཕྱིན།། ཐུན་ཚད་གཟུང་དུ་གཅིག་པོར་འདུས།། ཉག་གཅིག་ཏོགས་བསྒོམ་ཉམས་ལས་འདས།། ཡེ་ཤེས་བསྒོམ་པ་མ་ཡིན་ཏེ།། ཡེ་ཤེས་བསྒོམ་དུ་བློ་སྡང་མེད།། བློ་སྣང་བསྒོམས་པས་རྐྱེན་མི་ཐུབ།། ངོ་བོ་བློ་སྣང་རང་སྒོ་དེ།། ཡེ་ཤེས་རང་ཤར་ཏིང་འཛིན
201a4 སྦྱིན་བྲབ་ཡིན།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། རྩེ་གཅིག་རང་སྒོའི་ལེའུ་མཐའ་གྲོལ་རྐྱེན་ཆུབ་ཀྱི་ལེའུ་སྟེ་གསུམ་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ།། སྤྱོད་པ་རྐྱེན་ཆུབ་བསྟན་པ་ནི།
201a5 རང་བྱུང་ཤུགས་བྱུང་སྤྱོད་པ་ནི།། སྡང་སྲིད་ཐུག་ཕྲད་ཤེས་པ་ནི།། ཤེས་རབ་ཐབས་ཀྱི་སྤྱོད་པ་སྟེ།། བྱས་སྤྱོད་མ་ཡིན་རང་ཤར་ལ།། བཟང་རྟོག་ངན་རྟོག་ཚོགས་སུ་སྤྱོད།། སྤྱོད་མེད་རང་ཤར་བུབ་ཆུབ་དང་།། མཉམ་པར་ཤེས་པས་ཡུལ་མེད་དེ།། ལྷོད་པ
201a6 སྤང་ལེན་རྐྱེན་མི་དྲུབ།། དུག་ལྔ་རིང་ཤར་བདེ་བར་སྤྱོད།། རང་བྱུང་གྲོགས་སུ་ཤང་བས་རྐྱེན་རྣམས་ཐུབ།། སྣང་བ་འོད་གསལ་ཕྱི་ཡི་རྐྱེན་ཐུབ་ཡིན།། ཆོ་གས་དྲུག་རང་དག་ནང་གི་རྐྱེན་ཐུབ་ཡིན།། འགྲུ་བ་དྭངས་སངས་གསང་བའི་རྐྱེན་ཐུབ་ཡིན།། རོལ་པ
201a7 རང་གྲོལ་ངོ་བོའི་རྐྱེན་ཐུབ་ཡིན།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། སྤྱོད་པ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཞི་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། གཉིད་ལོག་རྐྱེན་ཐུབ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལུང་མ་བསྟན




iiif viewer powered by OpenSeadragon

200b - 201b

Texts on this page

Gdg002.11 - 'phags pa spyan ras gzigs ting 'dzin rtse gcig gi rgyud