| | e-texts navigator
|
199a1 ཡུམ་གྱི་སྣང་བའི་ཆ་ལས་གཟུང་།། གཉིས་མེད་ཟེར་གྱིས་གཉིས་སུ་བསྒྲུབ།། དེས་ན་བསྒྲུབ་པའི་གོ་ལ་ས་ཡིན།། ཡང་ཉི་ནག་པའི་ལྷ་བསྒོམ་ནི།། རིག་པའི་ཡེ་ཤེས་ཐམས་ཅད་ལྷ།། རིག་པའི་ལྷ་ལ་མདུན་རྒྱབ་མེད།། ལབ
199a2 ཡུམ་གཉིས་སུ་གྱི་ནང་མེད།། གྱི་ནང་མེད་པའི་ཐིག་ལེའོ།། དེ་ནི་དོན་གྱི་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།། ། གསང་སྔགས་པ་ཟླ་འདུ་མེད་པ་ནི།། མི་གསུང
199a3 མཉམ་པར་ཤེས་པ་ནི།། དེ་ནི་སྔགས་ཀྱི་ཏིང་འཛིན་ཡིན།། ཐིག་ལེ་གཅིག་ཏུ་གནས་པ་ནི།། དེ་ནི་སྔགས་ཀྱི་འགྲོ་འདྲའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤད།། དེ་ནི་སྔགས་ཀྱི་གྲངས་ཚད་དོ།། ལྷུན་གྱིས་གྲུབ་ནས་རང་ལ་རྫོགས།། དེ་ནི་སྔགས་ཀྱི་འབྲས་བུའོ།། བཟླས
199a4 པའི་དུས་དང་གྲངས་རྣམས་དང་།། དངོས་གྲུབ་གཞན་ནས་རེ་བ་ནི།། དེ་ནི་ཡང་ཏི་ནག་པོ་མིན།། བརྗོད་མེད་དོན་ལ་གང་གནས་པ།། གསང་སྔགས་ཀུན་གྱི་བདག་པོའི་མཆོག། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། སྔགས་བཟླས་འདི་ལེའུ
199a5 ལྟེ་བཅུ་གཅིག་པའོ།། །། སྨོན་ལམ་གདབ་ཏུ་མེད་པ་ནི།། ཐམས་ཅད་ཡང་ཏི་ནག་པོ་ལ།། ཤིས་པའི་ཡུལ་བརྗོད་ག་ལ་ཡོད།། ཐམས་ཅད་བཀྲ་ཤིས་ཆེན་པོ་ཡིན།། ཡེ་ནས་ཤིས་པའི་འདུག་ཚུལ་ལ།། ད་གདོད་ཤིས་པ་བརྗོད་མི་དགོས།། ཡེ་ནས་ལྷུན
199a6 ཆོས་སྐུ་ལ།། ད་ལྟ་སྨོན་ལམ་གདབ་ཏུ་མེད།། ཡིན་ཕྱིར་སྨོན་ལམ་གདབ་མི་དགོས།། མིན་པར་བཏབ་པས་དགོས་པ་མེད།། ཅི་སྟེ་ནམ་མཁའི་མེ་ཏོག་འདྲ།། ཞེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སྨོན་ལམ་དང་ཤིས་པ་བརྗོད་མེད་བསྟན་པའི
199a7 ལེའུ་སྟེ་བཅུ་གཉིས་པའོ།། །། ཚུལ་ཁྲིམས་བསྲུང་དུ་མེད་པའི་དོན་བསྟན་པ།། ཚུལ་ཁྲིམས་དུས་རྣམས་ཐམས་ཅད་དུ།། མ་བསྲུངས་མ་ཉམས་ཡེ་ནས་བསྲུངས།། ཡེ་བསྲུངས་གདོང་དང་ལྡན་པ་ལ།། དེ་བསྲུང་ཞེས་ནི་གང་འཆད་པ།། དེ་ནི་ཉད་རྫོས
iiif viewer powered by OpenSeadragon
198b - 199b