| | e-texts navigator
|
196b1 ངས་གཞོ་ལ་མེད་པར་བྱད།། བློ་ཡིས་བྱས་པ་ཐམས་ཅད་ལ་ཐལ།། མབྱས་མ་བཅོས་དང་བྲུད་ཐུགས།། ལ་བཟླ་བཟང་དནམད་པར་གྱིས།། ད་ཡང་འདུས་པའི་སྟོང་པོ་སྟོད།། མཐོངས་དུ་མ་མཱ་མ་ལུས་ཅན།། མཱམ་དང་མ་ཅང
196b2 མེད།། ཡེ་ཤེས་རང་ལ་གནས་པ་ལ།། མཐོ་དམན་མེད་པར་རྟོགས་པར་གྱིས།། རང་བྱུང་སྐྱེ་ཤི་མེད་པའི་ཕྱིར།། དུས་གསུམ་གཅིག་པས་ཡེ་ཤེས་སྨྲ།། གྲངས་དང་ཚེ་ཚང་བཟང་དུ་མེད།། དེ་ཕྱིར་མི་འགྱུར་ཡེ་ཤེས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།།
196b3 ཤེས་རང་ཤར་ལ་ཟློལ།། གང་ལྟར་སྣང་དྲན་ཆོས་ཉིད་ལ།། མ་བཙལ་ཡེ་ཤེས་རང་གནས་ཀྱིར།། བསྒོམ་མི་དགོས་པར་ལ་བཟླའོ།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཡེ་ཤེས་རང་ཤར་དུ་ལཱ་བཟླ་བའི་ལེདུ་སྟོ་བཅུ་བདུན
196b4 པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། རྟོགས་པའི་འབྲས་བུ་བཀའ་སྩལ་པ།། རྟོགས་པའི་ཡོན་ཏན་དུས་འདིར་ནི།། ལུས་མེད་སྒོ་ལྔའི་རིག་པ་འདི།། སྔར་མ་མཐོང་བའི་ཞིང་ཁམས་གསུམ།། ཡེ
196b5 ཤེས་མིག་གིས་དུས་གཅིག་མཐོང་།། འཆར་ནུབ་མེད་པའི་ཉི་ཟླ་ཤར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་བསམས་པ་ཡི་ལྷག་མཐོང་ལ།། མི་བརྗེད་པ་ཡི་གཟུངས་ཀྱིས་གཟུང་།། མ་ཟོས་བདུད་རྩིའི་རོ་མཚིག་མྱང་།། མ་བསྒྲུབ་པ་ཡི་འབྲས་བུ་འཐོབ།།
196b6 བསམས་པ་ཡི་དོན་ཅིག་འགྲུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཕྱིར་ངེས་དོན་འདི་བཅངས་ན།། དུས་འདིར་ཆོས་ཉིད་བདེན་པ་མཐོང་།། ཐུན་མོང་དངོས་གྲུབ་ཅི་བསམ་འགྲུབ།། རྗེས་དྲན་ཡོན་ཏན་པར་དོར་འོང་།། དུས་དེར་སངས་རྒྱས་སྤོས་ཅི་དགོས།། རྫོགས
196b7 པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བཐུགས་ཀྱི་རྒྱུད་ལས། འབྲས་བུ་མངོན་དུ་འབྱུང་བར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། འདུས་པའི་འཁོར་ནི་དད་ལྡན་ལ།། ངེས་དོན་གསང་བའི་རྒྱུད་གཏད་པ།། ད
iiif viewer powered by OpenSeadragon
196a - 197a