e-texts navigator
Collection
Volume
Page
Wylie

194b1 གསང་ཟུགས་ཀྱི་ཅད་ལས། ཡེ་ཤེས་རང་ཤུར་བསྟན་པའི་གའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཀུན་རིག་ཆོས་ཇེ་ཡིས།། ཐ་མལ་རྣམ་རྟོག་མི་གོས་པའི།། ལ་སློང་སྤྱོད་པ་བཀའ་སྩལ་པ།། གཞི་ཤེས་བློ་དངོས་གཅིག་པ་དང་།། བརྟུལ
194b2 ཞུགས་མཆོག་དང་གེགས་མེད་པའི།། ལ་བློའི་སྤྱོད་པ་བཀའ་སྩལ་པ།། གཞི་ཤེས་རང་ཤར་སྤྱོད་པའི་དུས།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཡུལ་མེད་ཆོས་སྐུར་ངོས་ཟིན་པས།། ལུས་ངག་བྱར་མེད་བརྗེད་པ་ཡི།། གཞན་དུ་འཛིན་མེད
194b3 འདི་རེག་སྔགས་གྱིས་མ་བསྲད་མ་བཅོས་ཤིང་།། འདུ་འབྲལ་མེད་པའི་ཡེ་ཤེས་ནི།། སུས་ཀྱང་མ་བྱས་རང་བྱུང་སྟེ།། གཞི་ཉིད་ཤེས་པས་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུའི་རིག་པ་འགྲོ་འོང་མེད།། རྟག་ཆད་མཐའ་ཡི་གློ་སླར་བྲལ།།
194b4 རང་གི་སྤྱོད་པ་གང་སྣོད་ཀྱང་།། ཆོས་ཀྱི་སྐུ་ལས་མ་གཏོགས་པ།། རྡུལ་ཙམ་གཞན་ན་ཡོད་མི་སྲིད།། དེ་ཕྱིར་ཤེས་པ་རང་ཡན་ལ།། ལྷག་མཐོང་དྲན་པའི་གདེང་གིས་ཟིན།། ཡངས་དང་མ་ཡེངསུ་མེད་པར་ནི།། བལྟ་བའི་གདེང་འབྲལ་མེད་པའི་ཕྱིར།།
194b5 ཆོས་སྐུ་གཞི་ཞེས་སྤྱོད་པ་ཡིན།། རྡོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞི་ཤེས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འཇུས་པའི་འཁོར་ལ་བཀའ་སྩལ་པ།
194b6 སློད་ངམ་སྤྱོད་པ་བསྟན་པའི་ཕྱིར།། གཞི་ཉིད་དེ་ལྟར་རྟོགས་པ་ལ།། ལྡང་བངས་མེང་ས་མས་ལ་རྦྷ།། དེ་རྒྱ་ཙམ་ན་མོས་སྒྲ་ཡིན།། དེ་ལྟར་ཐག་ཚོད་ངེས་པ་ཡིས།། བསྒོམ་དང་མ་བསྒོམས་རང་ས་གྲོལ།། གང་ཡང་ཆོས་སྐུར་གྱུར་པ་ལས།། རྨོད
194b7 དངོས་པོ་དབྱེར་མེད་ཕྱིར།། ནམ་མཁའི་གཞའ་ཚོན་མ་ངེས་རྫོགས།། བློ་དང་སྣང་བ་དངོས་པོའི་ཆོས།། སེམས་ཀྱི་དྲན་པ་ཅི་སྣང་ཡང་།། དངོས་མེད་རིག་པ་ཆོས་སླར་གསལ།། བསྒོམ་དང་མི་བསྒོམ་ཐ་སྙད་བྲལ།། དེ་བྱེར་བློ་དངོས་ཡེ་ཤེས་ཤར




iiif viewer powered by OpenSeadragon

194a - 195a

Texts on this page

Gdg002.9 - rdzogs pa chen po ye shes 'khor lo gsang ba thugs kyi rgyud