e-texts navigator
Collection
Volume
Page
Wylie

193b1 སྐུལ་པ་རྒྱ་བ་ཕྲག་བརྒྱ་དགས།། སངས་རྒྱས་དམྱལ་བ་ཡན་ཆད་དུ།། ལུས་ཀྱི་མིག་གིས་མཐོང་བ་དགོས།། རྣམ་སྨིན་ལུས་དྲང་བཅས་དུས་འདིར།། ཇི་ལྟར་གཟུགས་སྒྲ་སྤད་ཀྱང་།། མཐའ་འཁོབ་ཆུ་དང་བྲག་པ་ཡང་།། མི་ཐར་དུག་བསྔལ་འབྱུང་བ
193b2 ཕྱིར།། སྦལ་སྲུ་ངོ་སྤྲོད་ཡོད་ཟེར་རྩན།། ལྷ་མི་ཀུན་གྱིས་སྨད་བསད་རིགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡིད་སྐྱོན་ཙམ་དུ་སྤྲོད་ཟེར་ནས།། ཞི་ཁྲོ་ལ་སོགས་བསྒོམ་པ་ཡང་།། རྒྱུད་ལུང་ཆོས་སུ་ལྡེམ་དགོངས་བསྟན།། དེ་གྱི་རིག་ཟུག
193b3 སྒྲ་གནས་འགྱུར་ལས།། དངོས་སུ་འབྱུང་བར་ངས་མ་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་སྐུ་ངོ་ནི་སྤད་འདོད་ན།། དེ་ལ་རྟགས་ཆེན་འདི་འབྱུང་སྟེ།། སེང་གེ་ཁྱུང་དང་ཨུ་དུམ་ལར།། རིན་ཆེན་ལ་སོགས་དུས་འདིར་འབྱུང་།།
193b4 འཇིག་རྟེན་སངས་རྒྱས་འབྱུང་བའི་རྟགས།། དེ་མེད་གཟུགས་སྐུ་འཇིག་རྟེན་དུ།། སེམས་ཅན་ལུས་དང་མ་བྲལ་བར།། གཟུགས་སུའི་ཡོན་ཏན་འབྱུང་འདོད་པ།། མུ་སྟེགས་ཀ་ཏ་རི་པ་ཟེར།། མ་རིག་རྨོངས་པ་སྙིང་ངེ་རྗེ།། མ་ནཱར་མེད་དམྱལ་བ་ཆེན་པོར་འགྱུར།།
193b5 རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ལུས་དང་མ་བྲལ་བར་གཟུགས་སྐུ་མི་འབྱུང་བར་བསྟན་པའི་ལེའུ་ལྟེ་བཅུ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། རང་རེག་ཆོས་སྦལ་བཟླའི་ཕྱིར།། ཀུན་རིག་ཆོས་ཀྱི་རྣབ
193b6 པོ་ལ།། བདེན་པའི་དོན་གྱིས་འདི་སྐད་གསོལ།། མ་བསྒོམས་དོན་དང་མི་འབྲལ་བའི།། ཡེ་ཤེས་རདེ་ཤར་མན་ངག་གང་།། ཐ་མལ་རྣམ་རྟོག་མི་གོས་པའི།། རང་ཤར་སྤྱོད་པ་ཇི་ལྟར་སྤྱོད།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་གསོལ་བའི
193b7 དོན་གསན་ནས།། མ་བསྒོམས་འབྲལ་བ་མེད་པ་ཡི།། ཡེ་ཤེས་རང་ཤར་ངེས་པའི་དོན།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དངོས་པོ་མ་འཁྲུལ་རིག་པ་ལ།། ཚོར་བ་བདེ་སྡུག་ཅི་བྱུང་ཡང་།། ལུང་ལྡན་རིན་ཆེན་རྐྱེན་གྱིས་ཀྱང་།། དེ་ཉིད




iiif viewer powered by OpenSeadragon

193a - 194a

Texts on this page

Gdg002.9 - rdzogs pa chen po ye shes 'khor lo gsang ba thugs kyi rgyud