| | e-texts navigator
|
192b1 དོན་གསུངས་པ།། རྔ་བྱིའི་རྟོག་གསུམ་བྲལ་བ་ཡི།། རང་རིག་ཆོས་ལྷའི་ཡེ་ཤེས་ནི།། འཁྲུལ་མེད་དགའི་ཤེས་པ་ལ།། ཐ་མལ་ལུས་ལ་རྟེན་བཅས་པའི།། ཤེས་པ་མ་བསྒྲིབ་གསལ་བ་འདི།། རང་བྱུང་ཆོས་སུ་དག་པའོ།། དེལ་མ་རིག་མུན་པ་མེད།། དབང
192b2 འདུལ་བའི་སྙིང་པོ་ཉོན།། དེ་ལ་ཡོན་ཏན་བཞི་ལྡན་པས།། དམ་ཚིག་འཛིན་པའི་ཡེ་ཤེས་ཀྱིས།། སྐྱེ་བོ་མུ་སྟེགས་ཡུལ་འདི་ལ།། ང་དང་བདག་ཏུ་རང་ཆུད་བྱེད།། ཞེན་པའི་གཉིས་འཛིན་མེད་པའི་ཕྱིར།། སྣང་བ་མེད་པའི་ཡེ་ཤེས་ནི།། གོལ་མེད་ཆོས
192b3 དབྱིངས་ནམ་མཁའ་འདྲ།། དྲང་གིས་གསལ་བའི་ཡེ་ཤེས་ཀྱིས།། ཚོགས་དྲུག་བཀག་པའི་འགོག་པ་དང་།། ལུས་མེད་མེད་པའི་ལྷ་རྒྱུ་ནི།། གོལ་ས་ཀ་ནས་མེད་པའི་ཕྱིར།། རིན་ཆེན་འོད་འདྲ་འཆར་ནུབ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།།
192b4 ཡེ་ཤེས་གཞུག་མར་གནས་པ་ཡིས།། དབུ་མ་སེམས་ཙམཐུན་བསྒོམ་དང་།། ཐབས་ཀྱི་རྩ་དང་ཐིག་ལེ་སོགས།། འབྱུང་འཇུག་ཅན་གྱི་གོལས་མེད།། བསྐྱེད་རིམ་ཀུན་གཞི་ལ་སོགས་པ།། ཞི་ཁྲོའི་ལྷ་རུ་བསྒོམ་པ་དང་།། འཕེལ་འགྲིབ་ཅན་གྱི་གོ་ལས
192b5 མེད།། དེ་ཕྱིར་རྒྱན་དུ་འབྲལ་མེད་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཏན་ལ་འབེབས་པའི་ཡིད་ཀྱིས་ནི།། ལྷག་མཐོང་རིག་པ་རྟོགས་ཙམ་ན།། དམིགས་འཛིན་མེད་པར་དང་གིས་གསལ།། གཉུག་མར་གནས་དང་འཕེལ་འགྲིབ་མེད།། དལྟའི
192b6 ཤེས་པ་འདི་ཉིད་ལ།། རང་རིག་ཆོས་སྐུ་གཅིག་ཏུ་འདུས།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཆོས་ཀྱི་སྐུའི་བསྒོམ་པ་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན
192b7 རིག་སྟོན་པ་ཆོས་རྗེ་ཡིས།། རྣམ་སྨིན་ལུས་དང་བཅས་དུས་འདིར།། གཟུགས་སྤུ་མི་འབྱུང་བཀའ་སྩལ་པ།། ལྷ་མིན་མངལ་གྱིས་བསྒྲིབས་པ་འདྲ།། གཟུགས་སྐྱེ་ངོ་སྤྲོད་མི་འདོད་དོ།། ཆེ་བའི་ཡོན་ཏན་མི་འབྱུང་ཕྱིར།། ནམ་སྲོས་ཉི་མ་མི་འཆར
iiif viewer powered by OpenSeadragon
192a - 193a