e-texts navigator
Collection
Volume
Page
Wylie

192a1 པའི་ལའུ་སྐུ་བདུན་པའོ།། ། དེ་ནས་ཀུན་རིག་སྟོན་པ་ཡིས།། ཀུན་གཞི་སེམས་ཀྱི་མུན་གས་པ་ནས།། འཁྲུལ་དང་མ་འཁྲུལ་བཀའ་སྩལ་པ།། འཁྲུལ་པ་རྣམ་བཞེད་ཀྱཔའི་ཕྱིར།། གསུམ་འབྲེལ་བཞིན་ནག
192a2 ཡིད།། དེ་ཕྱིར་ཆོས་སྐུ་གཞི་དང་གཅིག། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁྲུལ་དང་མ་འཁྲུལ་ཤན་བྱེད་པས།། ཐོག་མ་ཉིད་ནས་བསགས་པ་ཡི།། སྔར་གྱི་བག་ཆགས་བཟང་ངན་ནི།། དུས་དང་གནས་སྐབས་འགྱུར་བའི་ཕྱིར།། ཤེས་པ་མ
192a3 རྐྱེན་གྱིས་འབྱུང་བའི་ཕྱིར།། དངོས་པོ་མ་འཁྲུལ་ཤེས་པ་འཁྲུལ།། ཐག་པ་སྦྲུལ་དུ་འཛིན་པ་འདྲ།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། སྣང་བ་གཞི་ལ་མེད་པ་ལ།། སྤང་སྲུད་ཞེན་པ་བྱེད་པ་ནི།། བློ་དངོས་གཉིས་ཀ་འཁྲུལ་བའི་ཕྱིར།། མེད་པ་ལ
192a4 རིག་ཡོད།། ཟླ་བ་དཀར་ཀྱང་མུན་ཡོད་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུ་ན།། འཁྲུལ་བ་ཟུང་བཞི་ཡ་བདུན་དག། སྣང་བ་མེད་པར་མ་ཤེས་ཕྱིར།། སྒོ་སྐུར་ཞེན་པས་རང་བསྐྱས་ཏེ།། གདམས་དག་མེད་ཕྱིར
192a5 ཆོས་སྐུ་མིན།། དེ་ཕྱིར་གྲུབ་མཐས་བློ་མ་བསྒྱུར།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། སྭ་ཕྱིའི་རྟོག་པ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཆོས་སྐུ




iiif viewer powered by OpenSeadragon

191b - 192b

Texts on this page

Gdg002.9 - rdzogs pa chen po ye shes 'khor lo gsang ba thugs kyi rgyud