| | e-texts navigator
|
191b1 འཁོར་ལ་བཀའ་སྩལ་པ།། དེ་དོན་རྩ་བ་མདོར་བསྟན།། གཞི་གསུམ་མ་ནོར་ངེས་པ་ཡིས།། འབྲེལ་པ་ཡོད་མེད་ངས་བཤད་ཀྱིས།། དེ་གསུམ་ཡོད་མེད་གཅིག་ཏུ་རྟོགས།། འཁོར་འདས་གཞི་ཡི་རང་བཞིན་ལུས།། འཁོར་གཞི་ཤེས་པ་ལྡང་མ་བ
191b2 གནས་སྐབས་འགྲོ་ལ་ཡོད་མཐར་ཐུག་མེད།། གནས་སྐབས་དབྲེལ་པ་ཡོད་པ་ནི།། ལུང་མ་བསྟན་པ་རྣམ་གསུམ་ལ།། རང་བཞིན་ལུས་ཀྱིས་ཁྱབ་པའི་ཕྱིར།། དེ་ཡང་འདས་པའི་སྙིང་པོ་ཉོན།། མཐར་ཐུག་འབྲེལ་པ་མེད་པ་ནི།། ཤེས་གཞི་སྤང་ས
191b3 བསྟན་པ་ལ།། ཡིད་སྒྲིབ་ཡོད་གྱིར་མོས་གུས་མེད།། སྦྱིན་རླབས་རྟོགས་དང་ལྡང་ལྡན་གྱིས།། བསྟན་ཐབས་མེད་ཕྱིར་འཁོར་བའི་རྒྱུ།། དེས་བསྐྱེད་འཁོར་བ་འབའ་ཞིག་ཡིན།། དེ་ཕྱིར་མཐར་ཟུག་འབྲེལ་པ་མེད།། མུན་དང་ཉི་མ་དུས་མི་མཚུངས།།
191b4 མ་རག་ཡེ་ཤེས་དེ་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོད་འདས་གཞི་ཡི་རང་བཞིན་ལུས།། མྱང་འདས་ཀུན་བཟང་གཞི་དང་ནི།། མཐར་ཐུག་འབྲེལ་ཡོད་གནས་སྐབས་མེད།། མཐར་ཟུག་འབྲེལ་པ་ཡོད་པ་ནི།། ལན་ཅིག་སྐྱེ་ཤི་བར་དོ་ལ།།
191b5 ལུང་བསྟན་གདམས་ངག་ཕྲད་སྲིད་ན།། མོས་གུས་དང་བས་རྟོགས་འགྱུར་ཚེ།། ལུང་མ་བསྟན་པ་དག་ཅིང་སྟོང་།། མཐར་ཐུག་ཡེ་ཤེས་འབྲེལ་པ་ཡོད།། ནམ་ལངས་ཉི་མ་ཤར་བ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མྱང་འདས་ཀུན་བཟང་གཞི་དང་ནི།།
191b6 འཁོར་གཞི་ལུངས་བསྟན་པ་གཉིས།། ལྷན་ཅིག་མི་གནས་འགལ་བའི་ཕྱིར།། གནས་སྐབས་མཐར་ཐུག་འབྲེལ་པ་མེད།། ཉི་མའི་དཀྱིལ་འཁོར་མུན་མེད་བཞིན།། དེ་ཕྱིར་ཡེ་ཤེས་ཟང་ཐལ་ཉིད།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། འཐ
191b7 གཞི་ལུང་མ་བསྟན་ལ་སོགས།། ཤན་ཀྱེའོ་སྐབས་སུངས་བཤད་ཀྱིས།། ལ་བློའི་དུས་སུངས་མ་གསུངས།། ཕྱི་རབས་རྣལ་འབྱོར་དེ་བཞིན་ནོ།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞི་གསུམ་འབྲེལ་བ་ཡོད་མེད་བསྟན
iiif viewer powered by OpenSeadragon
191a - 192a