| | e-texts navigator
|
190a1 སྲས་ལ།། གཞཞད་ད་ངོད་པར་དག་ས་མཚན།། དང་པོ་སངྱས་ཀྱས་ཛིཿ། ཐུང་།། ང་འི་སྦྱི་ཆུབས་ཛཀ། ཏགས།། བདའ་ང་ཚོག་ཤེས་པ་ཤང་དྲ་གསོལ།། དེ་སྐད་ཞུས་པ་འད་དག་ས།། འབྲས་པའི་འཁོར་ལ
190a2 ངེས་པའི་དོན།། མ་ནོར་ངེས་པའི་སངས་རྒྱས་བཀའ།། ང་ཡིས་བཤད་ཀྱིས་ངེས་པར་ཉོན།། རང་བཞིན་གཞི་ཡི་མཚོན་པེ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་ནི།། གང་ནས་མ་འོང་ཡེ་ནས་ཡོད།། གར་ཡང་མི་འགྲོ་དུས་གསུམ་གཅིག། དེ་ལྟ
190a3 ཀུན་ཁྱབ་ངོས་གཟུང་མེད།། ཐོག་མཐའ་མེད་པས་ནམ་མཁའ་འདྲ།། རིག་མེད་སྟོང་པ་ཡིན་པའི་ཕྱིར།། དཔེ་རུ་ཟབ་སྟེ་དོན་དུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བཞིན་ངོ་བོའི་གནས་ལུགས་ནི།། འཁོར་འདས་མ་རིག་རང་བཞིན་ལྔས།། སངས
190a4 རྒྱས་སེམས་ཅན་གཉིས་མེད་པའི།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། མ་ཡེངས་པར་ནི་ཡོད་གྱུར་ཀྱང་།། དྲོན་གྱིས་མ་ཟི་ན་རང་སྣང་བ།། ངོས་མ་ཟིན་ཅིང་ཤན་མ་ཕྱེར།། འགྲོ་འོད་མེད་པར་རྒྱུན་དུ་གནས།། ཐོག་མཐའ་མེད་ཕྱིར་ངོ་མ་ཤེས།།
190a5 ང་ལྟ་ཀུན་གཞིའི་སེམས་ལ་གནས།། འདུས་མ་བྱས་ཕྱིར་སྐྱེ་འཇིག་མེད།། སེམས་ཅན་ཀུན་གྱི་རྟེན་གནས་གཞི།། མོས་གུས་མེད་ཕྱིར་རྟོགས་པར་དཀའ་།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། གཞིའི
190a6 དཔེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། དང་པོ་སངས་རྒྱས་རྟོགས་ཚུལ་ནི།། དད་ལྡན་འདུས་པའི་འཁོར་རྣམས་ལ།། ང་ཡི་རྟོགས་ཉམས་བཀའ་སྩལ་པ།། འཁོར་འདས་མེད་པའི་གོང
190a7 རོལ་དུ།། ས་ཆུ་མེ་རླུང་གང་ཡང་མེད།། སྲེད་པ་མཆགས་སྟོང་པ་ཉིད།། དེ་ཚེ་རང་བཞིན་ལུས་དེ་ནི།། ཡེ་ནས་ཡོད་པའི་ཆོས་ཉིད་དེ།། དོན་དེ་མ་འཁྲུལ་རིག་པ་ཡིས།། ད་ལྟ་མ་འཁྲུལ་ངེས་བསྟན་ཕྱིར།། གཞི་དང་རིག་པ་གཅིག་ཏུ་ཤེས
iiif viewer powered by OpenSeadragon
189b - 190b