e-texts navigator
Collection
Volume
Page
Wylie

189b1 རིག་སྟོན་པ་དེས།། སྔོན་གྱི་ཐུགས་དམ་ཞལ་བཞེས་པས།། འགྲོ་དོན་ཐུགས་རྡོ་རྫོགས་མཛད་བྱེར།། ཆེང་དུ་དགོངས་ནས་བཀའ་སྩལ་པ།། བད་གཤེགས་སྙིང་པོ་ཆོས་ཀྱི་སྐུ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ཀུན་ལ་ཁྱབ་པས་ནམ་མཁའ་བཞིན།
189b2 རང་བྱུང་ངོ་བོ་ཡེ་ནས་ཡོད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། འཁོར་འདས་མེད་པའི་གོང་རོལ་དུ།། ཡེ་ནས་གནས་པའི་ཆོས་ཉིད་ལ།། མ་འཁྲུལ་ཕྱེར་ན་ངརང་གིས་རྟོགས།། ཡོན་ཏན་ལྔ་ལྡན་ཤེས་པ་དང་།། སངས་རྒྱས་དུས་མཉམ་ཀུན་བཟང་བྱུང་།།
189b3 ཉིད་ལས་མི་གཞན་འཁོར་རྣམས་བཅས།། འོག་མིན་གནས་སུ་ཀུན་བཟང་གིས།། རྒྱད་དག་རྡོ་རྗེ་སེམས་དཔའ་ལ།། ཚིག་ཏུ་མ་གསུངས་དོན་རྣམས་སྷོ།། རང་གིས་རིག་ཅིང་དགོངས་པས་བརྒྱད།། དེ་ཕྱིར་བྱིན་གྱིས་བརླབས་ཞེས་བྱ།། སྦྲུལ་སྲས་བརྡའ
189b4 ཡིས་བརྒྱད་པ་ཡང་།། ཚིག་དོན་ལུས་དང་རྟགས་ཀྱི་བརྡའ།། ཤཱ་ཀཱ་ཐཱབ་སྦལ་པ་བཞད་རྩལ་གྱིས།། ལྷ་གནས་མི་ཡི་ཡུལ་དུ་བྱུང་།། རིག་འཛིན་འཕྲུལ་གྱི་ཐེག་པ་ནི།། ཡང་ཞུན་གསེར་གྱི་ཡི་གེར་བྲིས།། ལག་ན་རྡོ་རྗེའི་སྤྲུལ་པ་ལ།། ངེས་དོན་དག
189b5 ངན་མངོན་ཕྱུང་ནས།། སྡེབ་སྤྱོང་ཚིག་གིས་བཀྲོལ་ནས་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉིན།། རིགས་བཙུན་ཁྱད་འཕགས་སྟོད་ལྡན་ནི།། གང་ཟག་རྗེས་སུ་མི་འབྲང་བར།། ལུང་རིགས་གཉིས་ལ་རྟོགས་པ་མཁས།། མུན་དག་ཆོས་ཕྱིར་ཤིན་ཏུ་མོས།།
189b6 བླ་མ་ལ་གུས་ཕྱི་ཟག་རིང་།། ཕངས་མེད་དབུལ་ནུས་སྡོད་ལྡན་ལ།། འབྲལ་མེད་ཡེ་ཤེས་རང་ཤར་དོན།། རྒྱུད་དྲུག་ཡང་སྙིང་ཡིན་པའི་ཕྱིར།། བསྟན་མ་ཐག་ཏུ་ཤེས་པའི་ཆོས།། སྣོད་ལྡན་གསང་ཐུབ་འགའ་ལ་བསྟན།། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར
189b7 ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། ཚུལ་དུ་གསུངས་པ་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཆེད་དུ་གསུངས་པའི་དོན་གོ་ནས།། འཁོར་རྣམས་ལ་ནི་བརྩེར་དགོངས་ནས།། རྫོགས་སངས་རྒྱས་ལ་འདི་སྐད




iiif viewer powered by OpenSeadragon

189a - 190a

Texts on this page

Gdg002.9 - rdzogs pa chen po ye shes 'khor lo gsang ba thugs kyi rgyud