| | e-texts navigator
|
188b1 བདག་རིག་གཞན་དག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་བག་མཆོག། ཡིད་བཞིན་ནོ་ཐུ་ཆེན་པ་འཆང་།། ཞབུ་གསུངས་སོ།། བསྐོད་གསམ་པ་འབྱུ་ལྕི་བ་།། རྡོ་རྗེ་སེམ་པ་དཔས་བཀའ་སྩལ་གཱ། དམཔ་འཁོར་དག་ལ་མ
188b2 པ།། སྣང་བྱེད་ཕྱི་ཡི་དཀྱིལ་འཁོར་ནི།། གདུལ་བྱའི་དོན་དུ་གསུངས་པ་ཡིན།། རང་ལུས་དཀྱིལ་འཁོར་བསྟན་པ་ནི།། རྫོགས་པའི་དོད་དུ་བསྟན་པ་ཡིན།། ཡེ་ཤེས་དཀྱིལ་འཁོར་བསྟན་པ་ནི།། ཐིག་ལེ་ཆོས་སྐུར་བཤད་པ་ཡིན།། གཉིས་མེད་ཆོས་སྐུར
188b3 བཤད་པ་ཡིན།། ཉེ་བའི་དོན་དུ་བསྟན་པའོ།། ལྕང་ལས་ཀྱང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། གཉིས་མེད་གཉིས་སུ་མེད་པར་སྟོན།། ཡང་དག་མཐའ་ལ་རྣམ་པར་གྲོལ།། ཞེས་གསུངས་སོ།། ངོ་སྤྲོད་བཞི་པའི་ལེའུ་སྟེ་ལྔ་པའོ།།
188b4 རྡོརྗེ་སེམས་དཔས་བཀའ་སྩལ་པ།། རེ་སྤོང་བཞི་ཡི་དོན་ཆོད་ནས།། རྟགས་ཀྱང་རྣམ་པ་གསུམ་འབྱུང་སྟེ།། ཕྱེ་ཡི་རྟགས་དང་ནང་གི་རྟགས།། གསང་བའི་རྟགས་དང་གསུམ་དུ་འབྱུང་།། ཕྱི་ཡི་རྟགས་ལ་རྣམ་གསུམ་སྟེ།། སྣང་བས་གནོད་པར་མི་ནུས་ན།
188b5 ད་ནི་རྟགས་ཀྱི་དང་པོ་ཡིན།། ལུས་ལ་འབྱུང་བས་མི་ཚུགས་ན།། དེ་ནི་རྟགས་མཆོག་གཉིས་པ་ཡིན།། རྐྱེན་རྣམས་ཐིག་ལེར་ཤེས་པ་ནི།། དེ་ནི་རྟགས་མཆོག་གསུམ་པ་ཡིན།། ཕྱི་རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །། ནང་གི་རྟགས་ལ་རྣམ
188b6 གསུམ་སྟེ།། མཁའ་འགྲོའི་ལྗང་སྟོན་དང་པོ་ཡིན།། ཆོས་ཀྱི་སྐད་སྟེར་གཉིས་པ་ཡིན།། རིག་པའི་དབང་ཐོབ་གསུམ་པ་ཡིན།། ཞེས་འབྱུང་ངོ་།། གསང་བའི་རྟགས་ལ་རྣམ་གཉིས་ཏེ།། གསང་བའི་རྟགས་དང་ཡང་གསང་རྟགས།། གསང
188b7 བའི་རྟགས་ལ་རྣམ་ལྔ་སྟེ།། རིག་པས་གཟུང་འཛིན་མི་ནུས་ཏེ།། རིག་པ་ཡེ་ཤེས་རང་ཤར་ལ།། དུག་ལྔ་ཡེ་ཤེས་ཐུག་ཕྲད་ཤེས།། ཤེས་པ་རྐྱེན་གྱིས་འགྱུར་མི་ནུས།། ཡེ་ཤེས་ཟང་ཐལ་སྐྱེ་བ་ནི།། དེ་ནི་གསང་རྟགས་རྣམ་ལྔ་ཡིན།། ཡང
iiif viewer powered by OpenSeadragon
188a - 189a