e-texts navigator
Collection
Volume
Page
Wylie

184b1 ར་ལུགས་སྲོད་བྱས་པས།། ཤེས་པ་དང་ས་སངས་བདེ་བ་ལ།། མ་ཞེན་རྟོག་པའི་ཟུག་ནུ་མེད།། དབེན་པའི་གནས་སུ་བུན་བཅད་ལ།། དང་པོ་ཁོ་ན་བསྒོམ་པར་བྱ།། དེ་ལ་དྲང་གིས་གནས་པ་ལ།། སྒོ་ལྔ་གས་ལ་ལ་འཛིན་པ་མེད།། དེ་ཡིད་ངང་གནས་པར་བྱ།། དེ་ནས་བརྟན།
184b2 པར་གྱུར་བ་དང་།། ཡུལ་གྱི་སྟེང་པོ་ཐམས་ཅད་ཅན།། ལྟར་སྣང་བུན་ནི་ལོང་དེ་ཙམ།། དེ་ཡི་ང་དུ་གནས་ཙམ་ན།། འབྱམས་ཐུབ་པ་ཡི་རྣལ་འབྱོར་ཏེ།། དེ་ལ་བསྒོམ་དུག་ལ་ཡོད།། ཡེ་ཤེས་འགྲུ་བ་མི་ཟིན་ན།། བསྒོམས་ཀྱང་སྐོམ་པར་ག་ལ་འགྱུར།། མ་བརྣམས
184b3 སྒོམ་བྱང་ཙམ་ན།། བསྒོམ་དུ་མེད་པའི་སྒོམ་པ་ཡིན།། དེ་ཉིད་གདེང་དུ་གྱུར་པ་ནི།། བལྟ་རུ་མེད་པའི་ལྟ་བ་ཡིན།། དེ་ཉིད་དང་དུ་གནས་པ་ནི།། སླད་དུ་མེད་པའི་སྤྱོད་པ་ཡིན།། དེ་ལྟར་གྱུར་ན་སངས་རྒྱས་ཡིན།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ
184b4 བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་པས། ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། དེ་ཉིད་ལ་པོ་ཟླའི་རིམ་པ་ནི།། སངས་རྒྱས་ས་ལ་གནས་འདོད་ན།། ཐུང་འཇུག་ཉིད་དུལ་ཆེན་བཟླ།། སྟོང་གིས་པ་དང་ལ་གནས
184b5 ན།། སྙིང་རྗེ་དང་གིས་འབྱུང་བ་ནི།། སྟོང་དེང་སྙིང་རྗེ་ཟུང་འཇུག་ཡིན།། དེ་ཉིད་འཛིན་མེད་རང་ཤས་གནས་པ་ནི།། བདེ་སྟོང་དྲུང་ངུ་འདུག་པ་ཡིན།། གསལ་བ་དང་ནི་སྟོང་པ་དག། གཉིས་སུ་མེད་ན་ཟུང་འཇུག་ཡིན།། ལྟ་བ་དང་ནི་སྤྱོད་བདག། གཉིས་མེད་བྱུང་འདག་ཉིད་དུ་ལ་བཅཝོག།།
184b6 ཐབས་དང་ཤེས་རབ་ཟུང་དུ་འདུག། མཁྱེན་བློ་ལས་འདས་པ་ནི།། སྟོང་གསལ་ཆོས་སྐུ་བདེ་ཆེན་ཡིན།། རིག་པ་སྟོང་གསལ་བདེ་བ་ལ།། སྣང་བ་འཛིན་མེད་ངང་ཤར་ན།། གཉིས་མེད་བདེ་བ་ཆེན་པོ་ལ།། ཐུན་དུ་བཅད་ལ་བསྒོམ་དུ་མེད།། པར་བར་སེམས
184b7 གྱིས་སེམས་འབྱར་བྱ།། བྱ་རབ་ལ་ངོས་གཟང་མེད།། དེ་ཡི་དང་ལ་གནས་པ་དེ།། མཐའ་དབུས་མེད་པའི་དགོངས་པསྟེ།། གང་ལྟང་སྡང་པོ་ཆོས་ཀྱི་སྐུ།། གང་ཀྱང་རིག་པ་ལོངས་སུ་ཡིན།། སྣ་ཚོགས་གང་བསྔལ་བུ་ཡིན།། དེ་གསུམ་དབྱེར་མེད་རྡོ་རྗེ




iiif viewer powered by OpenSeadragon

184a - 185a

Texts on this page

Gdg002.5 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud