| | e-texts navigator
|
183b1 ཨེ་མཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ནི་སྣ་ཆགས་པའི།། ཆོས་རྣམས་ཀུན་འཁྱབ་པར་གནས།། ཞེས་འཁོར་ལོ་འཛིན་པས་སྤྲས་སོ།། ཨེམ་མཉམ་ཉིད་བྱང་ཆུབ་སེམས།། མིང་དུ་བཏགས་པའི་ཆོས་རྣམས་ཀུན།། མཉམ་པ་ཉིད་འནན
183b2 བྱས་ཀྱིང།། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་རིན་ཆེན་འཛིན་པས་སྤྲས་སོ།། ཨེ་མཆོས་སུ་སྣང་བ་ཀླན།། རང་གི་ངོ་བོ་ལྭ་པ་ལས་འདས།། དེ་ཉིད་བྱང་ཆུབ་སེམས་ཉིད་ནི།། མཁས་པས་བསྒོམ་ན་རྟོགས་པར་འགྱུར།། ཞེས་པརྡ་འཛིན་པས་སྨྲས་སོ།། ཨེ་མ་ཆོས་ཀུན
183b3 སེམས་ཉིད་དེ།། ངེས་པ་མེད་དེ་དངོས་རྟོགས་བྲལ།། དེ་ཉིད་དག་པའི་ཡེ་ཤེས་རང་བཞིན་ཏེ།། མཁས་པས་ཅི་དགའ་བསྒོམས་ན་འགྲུབ།། ཅེས་རྒྱ་གྲམ་འཛིན་པས་སྨྲས་སོ།། དེ་ནས་དཔལ་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རང་གི་སེམས་གསལ་བའི་རང་ཉིད
183b4 ཤིན་ཏུ་རྫོགས་པ་ཤིན་ཏུ་ལེགས།། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་།། སངས་རྒྱས་རྙེད་པར་མི་འགྱུར་རོ།། སེམས་ཉིད་རྟོགས་པ་སངས་རྒྱས་མཆོག། ཅེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། བྱིན་རླབས
183b5 ཀྱིས་འཁོར་རྣམས་ཀྱིས་རང་རང་གི་རྟོགས་ཚད་ཕུལ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་འཛིན་པས་ཡང་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། ལྟེ་བསྒོམ་སྤྱོད་པ་དེ་དག་ལ།། འབྲས་བུའི་རིམ་པ་ཇི་ལྟར་ལགས།། དེ་དག་བསྒོམ་པའི་རྣལ་འབྱོར་པའི།
183b6 ཀའི་རྟགས་དང་བར་དེའི་དུས།། རིམ་པ་བདག་ལ་བཤད་དུ་གསོལ།། ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཛིན།། མ་འོངས་པ་ཡི་དོན་ཆེད་དུ།། ཁྱོད་ཀྱིས་དོན་ཞུས་ཡ་མཚན་ཆེ།། གུས་པས་རབ་ཏུ་ཉོན་ལ་ཡིད་ལ་ཟུང་།། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ།། ཆོས་སྒྲ་སྟོང་གསལ་ཟུང་དུ
183b7 འཇུག། ཆོས་སྲུ་བདེ་ཆེན་རྡོ་རྗེ་འཆང་།། སྤྲུལ་སྐུས་འགྲོ་བ་རིགས་དྲུག་འདུལ།། ཡེ་ཤེས་ལྔ་ལྡན་ཡོན་ཏན་ཆ་ནས་ལྡན།། དེ་ཉིད་རང་གི་སེམས་ཉིད་དེ།། ལོགས་ནས་འབྱུང་བ་མ་ཡིན་ནོ།། འཆི་རྟགས་རིམ་པ་བསྟན་པ་ནི།། ཉམས་ལེན་རྣལ་འབྱོར་ཉིད་ཀྱི་རྟགས།། ས་ནི་ཆུཚུ་ལ་ཐིམ
iiif viewer powered by OpenSeadragon
183a - 184a