e-texts navigator
Collection
Volume
Page
Wylie

182a1 ཆེན་པོ། དུས་གསུམ་གྱི་སངས་རྒྱས་རྒྱལ་བ་རྣམས་གཤེགས་ཤིང་བཞུགས་ཏེ། བཞུགས་པར་གྱུར་པའི་གནས། དབྱིབས་དང་། ཁདོག་ཐ་དད་པ་ལ་སང་པོ་ཉིད་གཅིག་པ་སྟེ། དེ་དག་དབྱིངས་ལས་ཡེ་ཤེས་གསལ་བའི་གཞལ
182a2 ཡས་ཁང་། ཁྱབ་པ་གདལ་བ་ཆེན་པོ་དེ་ན། འཁོར་རྡོ་རྗེ་འཛིན་པ་དང་། འཁོར་ལོ་འཛིན་པ་དང་། རིན་ཆེན་འཛིན་པ་དང་། པད་མ་འཛིན་པ་དང་། གྱགྲ་མ་འཛིན་པ་ལ་སོགས་པ་ཏིལ་མར་ཁྱབ་པ་ལྟར་གནས་སོ།། དེའི་ཚེ་དེའི་དུས་ན་རྡོ་རྗེ་འཛིན་པ་ལ། སངས
182a3 རྒྱས་ཀུན་ཀྱེ་ཞུ་བ་པོར། བཀའ་བསྒོས་ཏེ་ཐབས་ཅིག་ཏུ་བཞུགས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྐེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་གསང་བ་མཆོག་གི་བདག
182a4 དུས་གསུམ་དང་འབོར་བར་མྱ་ངན་ལས་འདས་པའི་བདག་པོ་དེས་ཆོས་ཐམས་ཅད་པ་རྫུ་འཕྲུལ་གྱིས་ཀུནས་ཁྱབ་པར་གཟིགས་པས་རྣམ་པར་གཟིགས་སོ།། དེ་བཞིན་དུ་གཟིགས་པས།། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་མཚན་ཉིད། སྟོང་གསལ་ཆེན་པོའི་རང་བཞིན། སྣ
182a5 ལས་འདས་པའི་དེ་བཞིན་ཉིད། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་རྡོ་རྗེ་འཛིན་པ་རང་གི་སྟན་པས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ཉིད་ཀྱིས། ཡེ་ཤེས་གསལ་བར་སྟོན་པའི་དོན
182a6 གྲསལ་སྟོང་ཆེན་པོའི་བདག་ཉིད་དེ།། རིམ་པས་བདག་འདུད་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གསང་བ་མཆོག་གི་བདག་པོ་ལ་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད།། ཀླས་པས་ཉོན་ལ
182a7 ཡིད་ལ་ཟུང་།། ཆོས་ཉིད་ཡེ་ཤེས་གསལ་བ་ནི།། འཁོར་འདས་ཀུན་གྱི་རྩ་བ་བྱང་ཆུབ་སེམས་ཉིད་དེ།། སྭཔ་དེ་ཡི་དོན་རྟོགས་ན།། ལྷ་བ་སེམས་ཉིད་ནམ་མཁའ་ཡིན།། སྒོམ་པ་སེམས་ཉིད་ཡུལ་མེད་གསལ།། སྤྱོད་པ་སེམས་ཉིད་རྒྱ་མཚོའི་འཛིང་།། འབྲས




iiif viewer powered by OpenSeadragon

181b - 182b

Texts on this page

Gdg002.5 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud