e-texts navigator
Collection
Volume
Page
Wylie

181b1 སཅི་དགས།། ཐར་པའི་སྲོག་བཅད་མནར་མེད་ལྷུང་།། ད་ཡང་འདུས་པའི་སྙིང་པོ་ཁྱོད།། གསང་བ་རྒྱུད་ཀྱི་སྙིང་པོ་འདི།། མར་མེ་འཆི་ཁའི་འོད་བཞིན་དུ།། བསྟན་པ་འཇིག་ཀའི་དུས་དག་ཏུ།། ཀུན་བཟང་ཐུགས་རྗེའི་བྱིན་རླབས་ཀྱིས།། རྣལ་འགྲོར་གལ་ལྡན་ནཔ་།
181b2 ལ་འབྱུང་།། དེ་ཚེ་རྒྱུད་ཀྱི་སྙིང་པོ་འདི།། གུ་ལང་གསེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་གཏད་པ་ལས།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན།། ཀུན་ཀྱང་ངེས་པ་དེ་ལྟར་ཞོག། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དེ་ལྟར་མཏོག་དམན་རྣམས་ཀྱིས།། ལས
181b3 སྔར་སྤངས་ཤིང་ཚོགས་བསགས་ཀྱང་།། མཉམ་པར་མ་བཞག་འབྲས་བུ་ཟུང་།། འགྲོ་བའི་མགོན་པོས་དེ་སྐད་གསུངས།། རྫོགས་པ་ཆེར་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། རྒྱུད་ཀྱི་སྙིང་པོ་གཏད་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། ། སངས་རྒྱས
181b4 ཐམས་ཅད་ཀྱི་དགོངས་པ། རྫོགས་པ་ཆེན་པོ་མི་ནུབ་པའི་རྒྱལ་མཚན། རྡོ་རྗེ་སེམས་དཔའི་མན་དག་དགོངས་དོན། ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་དྲུང། རིན་པོ་ཆེ་བཀོད་པ་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། མན་དག་ཐམས་ཅད་ཀྱི་སྙིང་པོའི་ཡང་སྟེད།
181b5 རིན་པོ་ཆེ་གཉིད་ཀྱི་སྨན་པ། གསང་བ་ཡང་སྙིང་གཽ་དྷད། སྣོད་མེད་རྣམས་ལ་གསང་ངོ་།། ཨཱ~ཾ། རྨཱ་\ུ0f7f\ུ0f7f།། ། རྒྱ་གཱར་སྐད་དུ། མ་ཧཱ་ས་ནྟིས་མནྟ་ནྟ་དྲཱ་ཛྙཱ་ན་པྲ་ཀ་ཊ་ཤཱ་སུ་སྠཱདྷཱ་ནཱ་མ། བོ་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡི་ཤེས་གས་པ་རྣཾ
181b6 སྟོན་པའི་རྒྱུད་ཅེས་བྱེ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཉམ་ཉིད་ཆོས་ཀྱི་སྐུས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་གས་བ་མཆོག་གི་བརླག་པོ། དུས་གསུམ་པ་ཉིད་ཀྱི་།
181b7 གསུམ་ཀྱི་རང་བཞིན། ཡེ་ཤེས་ལྔའི་བདག་ཉིད་ཅན། རོལ་པའི་དུ་འཕྲུལ་ལ་མངའ་བརྙེས་པ་དེ་ཉིད། དོན་ཆོས་ཉིད་སུ་པ་མེད་པ་ལས་རྟགས་ཡེ་ཤེས་འགག་པ་མེད་པར་ཚེ་འཕྲུལ་དུ་བཞུགས་སོ།། དེ་ཡང་སོ་ཆེན་ཀྱི་གནས་གས་བ་ས་ཆོག་གི་དཀྱིང་།




iiif viewer powered by OpenSeadragon

181a - 182a

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud
Gdg002.5 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud