e-texts navigator
Collection
Volume
Page
Wylie

181a1 རང་སེམས་འགྱུར་མང་དོན།། མེད་ལ་མི་ཟད་མཐའ་བྲལ་བས།། གང་ཡང་མ་སྤར་གནས་སུ་དག། མ་བཅོལ་རྙེད་པ་ནོར་བུ་བཞིན།། རང་སེམས་ཆོས་ཀྱི་དབྱིངས་སུ་དག། དད་ཉན་འཁོར་གྱི་རྟོགས་པ་འདི།། འགྲོ་དྲུག་སེམས་ཆདཔས།
181a2 ཅད་ཀྱིས།། ཆོས་སྒྲ་རང་ཆུས་དེ་རྟོགས་ན།། རྩོབ་ཞིང་བསྒྲུབ་པའི་ནང་བྲལ་བས།། ཡེ་ཤེས་ངོ་བོར་སངས་རྒྱས་ཏེ།། རི་དོགས་མེད་པར་ལམ་དུ་རྟོགས།། དེ་སྐད་བརྗོད་པའི་དོན་རྟོགས་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལེགས་སོ་དང་ལྡན་འཁོར་རྣམས
181a3 ཉོན།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེ་ངོ་བོ་གཅིག། གཅིག་ལས་སྨོས་པས་ཀུན་གྱི་དྲང་།། དབྱེར་མེད་དོན་དུ་སངས་རྒྱས་ན།། འཕོ་ཞིང་འགྱུར་བའི་ཆོས་མེད་དོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། འཁོར་གྱི་རྟོགས
181a4 པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ལྟ་བ་སྙིང་པོའི་དོན་གཏད་པ།། ཐེག་པའི་རྒྱལ་པོ་སྤྱན་རྫོགས་འདི།། སལ་ལྡན་འདུས་པ་རྣམས་ཀྱིས་ཀྱང་།། ཡིད
181a5 ལ་བཏག་ཅིང་བཅང་བར་གྱིས།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། ང་ཡི་བསྟན་པའི་སྙིང་པོ་འདི།། ལོག་སྲེད་ཞེན་ཆགས་མ་ངེས་པར།། ནམ་ཡང་བསྟན་པར་མ་བྱེད་ཅིག། ཉན་ཐོས་ལ་སོགས་ལྷ་དམན་ལ།། བསྟན་ཀྱང་གོ་བར་མི་འགྱུར་ཏེ།། མི་ཐེག་ཁལ
181a6 རྟེན་བཀལ་བ་བཞིན།། དོ་ནམ་གོབས་དྲན་སོང་ལྟུང་།། དེ་བས་རང་སེམས་སྔོན་སྦྱངས་པའི།། རྣལ་འབྱོར་གང་ཞིག་དང་ལྡན་པ།། སྙིང་པོ་འདི་ཡི་དོན་མཚན་ནས།། ལྟ་བའི་སྙིང་པོ་རྟོགས་པར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། ཚུལ་རྩོས་རྒྱ
181a7 སློབ་དཔོན་སྤད།། ནོར་ཕངས་གཞོག་རོམས་ཁ་གསགས་ཅན།། གཡོ་སྤྱབ་པས་ཀྱིས་རྒྱས་འདོད་པ།། རྒྱུད་ཀྱི་སྙིང་པོ་བ་ནི།། ནམ་ཡང་བསྟན་པར་མ་གསུངས་སོ།། གཡོ་ནི་སྙིང་ངོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགང་ལྡེར་ན།། མཁའ་འགྲོད་མ་ཅན




iiif viewer powered by OpenSeadragon

180b - 181b

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud