| | e-texts navigator
|
180a1 ནམ་མཁའ་ཚིམ་པར་མི་འགྱུར་བཞིན།། ཆོས་སྐུ་ངོ་བོ་འགྱུར་མེད་པ།། བློ་ཡི་སྣང་བ་སྣ་ཚོགས་པ།། རྟོགས་པའི་དོན་ལ་དབྱེར་མེད་པས།། དེ་ཉིད་ཡེ་ཤེས་ལྷུན་ཐུག་སྟེ།། བདག་དང་གཞན་དུ་སྣང་བ་མེད།། མེད་པ་མ་ཡིན་རིག་ཅིང་ཆར།།
180a2 ཆད་པར་མ་སོརང་རིག་ཅིང་གསལ།། རྟག་པར་མ་སོང་དངོས་པོ་མེད།། གཉིས་སུ་མ་སོང་ཟླ་བ་མེད།། གཅིག་ཏུ་མ་སོང་ཀུན་ལ་ཁྱབ།། སྟོང་ཉིད་རྣམ་དག་ནམ་མཁའ་འདྲ།། གཙང་སྡེ་བྱ་བ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་བསྟ་བ་ཐམས་ཅད་ཀྱི་སྙིང་པོ་མས།
180a3 འབྱུང་བ་འདོད་པའི་ཡོན་ཏན་ལྔ་དང་ཆགས་སྡང་ལ་སོགས་དུག་ལྔ་ཡང་མ་སྤངས་གནས་སུ་དག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ང་ཡིས་བཤད་པའི་ཆོས་རྣམས་ལ།། གང
180a4 ཟག་བློ་ཡི་རབ་འབྲིང་གིས།། ས་དང་ལམ་གྱི་ཁྱད་པར་དང་།། དབང་དང་དམ་ཚིག་ལྟ་བ་དང་།། བསྒོམ་པ་སྤྱོད་ལ་ལ་སོགས་པ།། ཐ་དད་སྤོས་ཀྱང་གཅིག་ལས་མེད།། གཅིག་ལས་སྤྲོས་པ་ཀུན་གྱི་མིང་།། སེམས་ཉིད་རྣམ་པ་སྣ་ཚོགས་པས།། སྣ་ཚོགས་སྣང་ཡང
180a5 དཔོར་གཅིག། དཔེར་ན་གསེར་སྒྱུ་གཅིག་པ་ལ།། དབྱིབས་སུ་གཟུགས་རྣམས་ཐ་དད་པ།། བྱས་པ་དང་། མིང་རེང་གྲགས།། གྲགས་ཀྱང་གིསེང་དང་བོར་གཅིག། འདུས་པའི་རྡོ་སྤྱི་བ་ཁྱོད།། ཤེས་རབ་ཐབས་ཀྱིས་སྤྱོད་པ་ཡིས།། ཆོས་སུ་ཡི་ནས་དག་པལ།
180a6 ཀློསློང་གསུམ་ལྡན་པའི་སྐྱེས་མཆོག་གིས།། ཆུན་དུ་མ་ཡེངས་རྒྱལ་བའི་སྲས།། དེ་ལ་སྐྱོན་གྱིས་གོས་མི་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། དང་སེམས་ཆོས་སྐུར་རྟོགས་པ་ཡིས།། མང་ལ་མི་ཟད་འབྱུང་བའི་གཏེར།། གཞན་དོན་སྨོན་ལམ་མཐར་ཕྱིན་པའི།
180a7 ཐོགས་མེད་གཟུགས་སྐུ་རྣམ་གཉིས་པོ།། གསེར་སྦྲུལ་མིག་བཞིན་དུས་གཅིག་འབྱུང་།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས
iiif viewer powered by OpenSeadragon
179b - 180b