e-texts navigator
Collection
Volume
Page
Wylie

178b1 པས།། ཨོཾ་གའི་སེམས་དཔང་དེ་གོས།། རྣམ་རྟོག་སྦྱར་ནིམ་བསྒྱུར་བས།། མ་ཧཱ་ཡོ་ག་ན་མིགྲོས།། འདྲའབྲལ་སྟོང་འདོམ་ཡོད་མེད་པས།། ཨཱརྡྷ་མ་གར་ནམགས།། ཆོས་ཉིད་མ་ཅན་དུ་ཡོ་རྟོགས་པས།། མངོན་པའི་སྐྱོན་དུ་དམིག་ས
178b2 བརྟུལ་ཞུགས་ཀྱི་ནང་མི་གོལ་བས།། བླང་དོར་མེད་པར་དེམ་གོལ།། གཉིས་མེད་དོན་ལ་མི་གཏོད་པས།། ཕྱོགས་ཅན་ལྟ་བར་དེ་མི་གོལ།། སེམས་ཉིད་དོན་ལ་མི་རྩོལ་བས།། མཉམ་ཉིད་དོན་ལས་དེ་མི་གོལ།། དེ་ལས་གཞན་པར་གོལས་མེད།། དེ་ཡང་སེམས
178b3 དཔའ་རྡོ་རྗེ་ཁྱོད།། སྒྲིབ་པ་གང་ཡིན་མཚན་ཉིད་ནི།། ཡེ་ཤེས་ཆེན་པོར་ངོས་ཟིན་པས།། སྐབས་འབྱེད་སྒྲིབ་པ་དེ་ལ་མེད།། སྔ་ཕྱི་རྗེས་སུ་མི་འབྲངས་པས།། བསླབ་པའི་སྒྲིབ་པ་དེ་ལ་མེད།། སྔ་ཕྱིའི་གློ་བུར་དངོས་མེད་པས།། ཕྱོགས་ལྕང་སྒྲིབ་པ་དེ་ལ་མེད།།
178b4 བདེས་པའི་གདེང་ཟིན་པས།། ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། བྱ་བ་མེད་པའི་དོན་རྟོགས་པས།། ལམ་བཞིའི་སྒྲིབ་པ་དེ་ལ་མེད།། བག་ཆགས་མི་གཡོའི་སྟོབས་ལྡན་པས།། མཆོད་པའི་སྒྲིབ་པ་དེ་ལ་མེད།། ངེས་པའི་ལུང་ལ་ཡིད་ཆེས་པས།། ལུང་གི
178b5 སྒྲིབ་པ་དེ་ལ་མེད།། དེ་དག་གོ་ལས་སྒྲིབ་པ་ཀུན།། ངང་དུ་རྫོགས་ནས་རང་ཡན་ལ།། བརྒྱ་དང་བརྒྱད་ཅུ་ལ་སོགས་པ།། གོལ་སའི་སྒྲིབ་པ་མ་མཐའ་ཡས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། གོལ་སྒྲིབ་མེད་པར་བསྟན་པའི་ལེའུ་སྟེ་བཅོ
178b6 པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ང་ཡིས་བྱས་པའི་ཆོས་རྣམས་ལ།། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས།། སེམས་ཅན་སངས་རྒྱས་ཚུལ་གཅིག་ཕྱིར།། རྒྱུ་འབྲས་དབྱེར་མེད་ལྷུན་གྱིས་གྲུབ།
178b7 ཡང་འདུས་པའི་སྙིང་པོ་ཁྱོད།། སྐྱོན་དང་ཡོན་ཏན་རྣམ་གཉིས་ཀྱིས།། ཆོས་ཉིད་འཁྲུལ་པ་གཞིར་བཞག་ན།། གཉིས་ཀ་ལྟར་ཡང་མི་འགལ་ཕྱིར།། ཀུན་ཀྱང་ཡིན་པ་ཐམས་ཅད་མིན།། དཔེར་ན་ཉི་མའི་སྙིང་པོ་ལ།། མུན་སྣང་གཉིས་ཀ་མི་འགལ་བཞིན།




iiif viewer powered by OpenSeadragon

178a - 179a

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud