e-texts navigator
Collection
Volume
Page
Wylie

177a1 བཟླས་བརྗོད་འཕྲོ་འདྲ་ལ་རྫོགས།། ཚོགས་རྣམས་སྣོད་བཅུད་ཡིན་པའི་ཕྱིར།། ཚོགས་ཀྱི་མཆོད་པ་དེ་ལ་རྫོགས།། བད་ཆེན་གཉིས་མེད་ང་བོ་ལ།། ལྕུག་མའི་མཆོད་པ་དེ་ལ་རྫོགས།། མེ་བཟུང་ཡ་ཤས་ཆེན་པོ་ལ།།
177a2 མའི་མཆོད་པ་དེ་ལ་རྫོགས།། ཐིག་ལེ་གཅིག་ཏུ་འདུས་པ་ལ།། དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས།། ཡེ་ཤེས་ལྷུན་གྲུབ་པོ་ལྡན་པས།། བཀའ་ནན་ལུས་སྲུང་དེ་ལ་རྫོགས།། གཉིས་མེད་དོན་དུ་སངས་རྒྱས་པས།། དགེ་བ་བསྔོ་བ་དེ་རྫོགས།།
177a3 དང་དཔེ་བྱད་ཐམས་ཅད་ཀྱི།། ཡེ་ཤེས་ལྷུན་གྲུབ་དེ་ལ་རྫོགས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཆོས་རྣམས་ལྷུན་གྱིས་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེ་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ
177a4 དབང་གི་ཆེ་བ་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་འདི།། ནམ་མཁའ་རྒྱ་མཚོ་ཉི་མ་བཞིན།། མ་སྤོས་མ་བསུས་རང་སྡང་བཞིན།། བྱང་ཆུབ་སེམས་ལས་མ་གཡོས་པའི།། ཀུན་འཁྱབ་པའི་རིག་པ་གསལ།། འབབ་དུ་མར་མ་ཇུག་སྔ་བ
177a5 བཞིན།། དམིགས་པ་དྲུག་ལ་སྒོ་ལྤགས་ལ།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་གསལ།། གསལ་ཙམ་ཉིད་ནས་མུ་ལ་མེད།། ས་གཞི་རྗེ་ལྔ་གང་བ་བཞིན།། སྣ་ཚོགས་སྣང་ལ་བཟུང་དུ་མེད།། ཆེབ་ཡེ་ཤེས་རྒྱུན་པ་ཆད།། མེད་ལ་མི་ཟང་བྱུང་བའི
177a6 མཐིལ་གྱིས་གནོན་པ་ཡིས།། སེམས་ཀྱི་དབང་ཆེན་དམ་པ་ཡིས།། འདོད་ཁམས་གནས་རིས་ཟིལ་གྱིས་གནོན།། འགྲོ་དྲུག་གཡེངས་བསྡད་པའི་ཕྱིར།། ཡེ་ཤེས་ཆེན་པོ་ངོས་ཟིན་པས།། གཟུགས་ཁམས་བཅུ་བདུན་དེ་ནི་འཁོར།། ཡེ་ཤེས
177a7 ཐུགས་དོན་བསྒོམ་པས།། གཟུགས་ཁམས་བཞི་དུ་དེ་མི་སྐྱེ།། ཡེ་ཤེས་ཆེན་པོར་ལ་ཟློས་པས།། ས་བཅུ་རིམ་གྱིས་དེ་མི་བགྲོད།། དབང་གསུམ་གཅིག་ཏུ་རྟོགས་པ་ཡི།། མ་བཅོས་པ་ཡི་ཆོས་ཉིད་ཀྱིས།། བཅོས་པའི་མཚན་མ་ཟིལ་གྱིས་གནོད།། དངོང




iiif viewer powered by OpenSeadragon

176b - 177b

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud