e-texts navigator
Collection
Volume
Page
Wylie

175a1 རིག། རིག་ཙམ་ཉིད་ན་ངང་གིས་སྟོང་།། སྟོང་པ་ཉིད་ན་མཐའ་དབུས་མེད།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱེང་རྒོད་ཞེན་འཛིན་སྐྱོན་བྲལ་བས།། གསལ་བདེ་སྤྱོད་པ་ཆེན་པོ་ལ།། ངང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞན
175a2 མེད་པས་རྗེས་ཐོབ་མེད།། སངས་རྒྱས་མེད་པས་སེམས་ཅན་མེད།། ཐམས་ཅད་དང་གྱུང་ཆེན་པོ་ལ།། གཞན་དུ་གཡོ་བ་རྡུལ་ཙམ་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་ཞིང་།
175a3 ཐམས་ཅད་ཡེ་ཤེས་ངོ་བོ་ལ།། མ་རིག་མུན་པ་གདོང་ནས་སངས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། དགེ་བའི་ཆོས་སྤྱོད་མཐོང་བའི་ཚེ།། མཉམ་ཉིད་གུས་པའི་བློ་སྐྱེས་ཤིང་།། ཆོས་ཉིད་གསལ་བས་རྟོག་པ་མེད།། རིག་པ་རྒྱུན་ཆད་རྟག་ཏུ་གནས།།
175a4 དེ་ཡང་སེམས་དཔའ་རྡོརྗེ་ཐ~ཾད།། དཔེར་ན་ནམ་མཁའ་སྤྲིན་བཞིན་དུ།། འགྱུར་ཡང་གཞིལ་གནོད་མེ་ལྟར།། ནམ་རྟོག་ཐམས་ཅད་སེམས་ཡིན་ཏེ།། ཡེ་ཤེས་ཉིད་དུ་ཐམས་ཅད་གསལ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེད་ན་དབེན་པ
175a5 ཡི།། སྤང་ལ་མེ་མཆེད་ཅི་བཞིན་དུ།། རྣམ་རྟོག་མཚན་མ་ཐམས་ཅད་ཀྱང་།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། དཔེར་ན་རིན་ཆེན་གསེར་གྱིགླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་བཞིན།། ཐམས་ཅད་སེམས་སུ་དོན་རྟོགས་པས།། ཏིང་འཛིན་དག་ལ
175a6 འབྱུང་འཇུག་མེད།། འཁོར་དང་མྱ་ངན་འདས་པའི་ཆོས།། ཐམས་ཅད་ཆོས་ཉིད་འགྱུར་མེད་ལ།། བསྒོམ་པའི་ཐ་སྐད་བྲལ་བའི་དོན།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ཐུགས་ལས་འདས་པས་བསམ་དུ་མེད།། སྐུ་ལས་འདས་པས་བཟུང་དུ་མེད།།
175a7 སྒྲ་ལས་འདས་པས་བརྗོད་དུ་མེད།། རྟོག་པ་མེད་པས་ལྷུན་གྱིས་གྲུབ། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། རྣམ་རྟོག་མཚན་མ་སྐྱེས་པའི་ཚེ།། ཆོས་སྐུ་རྟོག་པ་མེད་པའི་ངང་།། འབྱུང་བའི་ཡོན་ཏན་ལྔ་སྤྱོད་ཚེ།། ལོངས་སྤྱོད་རྫོགས་པ་སྐུ་ཡི་རང་།། འགྲོ་དྲུག་གཟུགས




iiif viewer powered by OpenSeadragon

174b - 175b

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud