| | e-texts navigator
|
173b1 སེམས་རྩོལ་བ་མེད་པ་ཡིས།། མི་གཡོ་མཉམ་པའི་དོན་ལ་ཞོག། དེ་ལྟར་རྟོགས་པའི་རྣལ་འབྱོར་ཉམས།། ཤིང་བལ་ལྟ་བུར་ལུས་འཇམ་པ།། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། སེམས་དཔའ་ཆེན་པོ་དེ་ཉོན་ཅིག། འ་ཡི་ཆོས་ཉིད་འབྲས་བུ་འདི།།
173b2 མ་བཅོས་ནམ་མཁར་ཉི་ཤར་བཞིན།། མུན་པ་མེད་པར་གསལ་བ་ཡིས།། ལྷངས་ཀྱིས་རྟོགས་ན་ལྟ་བའི་མཆོག། དོན་ལ་མ་ཡེངས་སྒོམ་པ་ཡིན།། གང་ཡང་མ་བཀག་སྤྱོད་པའི་ཡུལ།། དེ་ལས་མི་འདའ་དམ་ཚིག་ཡིན།། དབྱིངས་ནས་རིག་པ་རང
173b3 ལ་ཤར།། ལྔ་ཕྱི་ནུབ་པ་ག་ལ་ཡོད།། ཉོན་མོངས་བག་ཆགས་རྟོག་པ་ཡིས།། ཇི་བཞིན་པ་ལ་གཉིས་ཀ་བསྒྲིལྔ།། རང་བཞིན་དབྱེར་མེད་ཉིད་པས་ན།། གཉིས་མེད་ཤེས་པ་གཅིག་ཏུ་རྫོགས།། སྔ་ཕྱི་གཉིས་འབྲེངས་རྟོག་པ་ཡིས།། མཁའ་ལ་གློ་བུར་སྨིན
173b4 གཏི་བ་ལྟར།། མཁའ་དག་ནང་དུ་སྤྲིན་སོར་ལྟར།། ང་ཡི་ཡེ་ཤེས་ངོས་ཟིན་ན།། ཐོག་མ་མེད་པར་བསག་པ་ཡི།། རྣམ་རྟོག་སྤྲིན་ཕུང་དཔག་མེད་པ།། སྟོད་ཉིད་སྐད་ཅིག་རིག་པ་ཡིས།། རྣམ་རྟོག་སྟོང་པའི་ངང་དུ་སངས།། སངས་རྒྱས་སེམས་ཅན་ལ
173b5 སོགས་པའི།། ཀུན་ཀྱང་རང་བུང་ཡེ་ཤེས་ཉིད།། སྤྱོད་ཉིད་ནམ་མཁའི་ངང་དུ་གཅིག། སྟོད་ཉིད་ནམ་མཁའི་ངང་དུ་སངས།། མི་མཐུན་པ་དང་གཉེན་པོ་གཉིས།། ཡེ་ནས་གཉིས་མེད་གཅིག་པས་ན།། གདོད་ནས་འཇིག་པ་ག་ལ་ཡོད།། སེམས
173b6 དཔའ་ཆེན་པོ་རིག་འཛིན་ཁྱོད།། འཇིག་རྟེན་འཁོར་བའི་ཁ་བརྒྱད་པ།། མ་རིག་ངོ་བོ་དེ་བཞིན་པས།། གཞི་མེད་པ་ཡི་སྐད་ཅིག་པར།། དེ་ཉིད་རིག་ན་བདེ་ཆེན་གནས།། བསམ་གྱིས་མི་ཁྱབ་ཆོས་ཉིད་རྣམས།། དེ་བཞིན་ཉིད་དུ་གཅིག་པས་ན།། གང་གི་ཡེ
173b7 ཤེས་དོན་རྟོགས་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། སེམས་ཀྱི་སེམས་ཉིད་ལས་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་འཇུས་པའི་ཚོགས་རྣམས་ལ།། ཀུན
iiif viewer powered by OpenSeadragon
173a - 174a