e-texts navigator
Collection
Volume
Page
Wylie

171b1 འདས་པར་ཆས།། སེམས་ཀྱི་རྣམ་རྒྱན་ཀྱི་རྒྱས་ཀྱང་།། མཚན་མའི་དངས་པ་མ་གྲུབ་པས། དཔེར་ན་ནམ་མཁའི་བསེར་བུ་བཞིན།། ཡད་མེད་དབུས་པ་མི་གནས་པས།། སྭ་དང་ཡེ་ཤེས་ལྡན་གྱིས་གྲུབ།། སྲལ་སེམས་བྱང་མེད་པལ།། ཐབས་དང་ནས
171b2 ཞུགས་ནས།། ཏིང་འཛིན་གསུམ་གྱིས་ལྷར་བསྒོམ་པ།། སྒྲིབ་མ་གཟུགས་སུ་རྩོམ་པ་འདྲ།། མུ་ནང་ཆོས་རྣམས་མ་ལུས་ཅན།། ཡིད་དང་སྲན་གཞི་གཉིས་འདུས་ནས།། ཀུན་གཞིའི་མཐེའི་སློང་རྗེམ་དག་ཏུ།། ནམ་ཏོག་མཚན་མ་གང་སྣང་ཀྱང་།། ནམ
171b3 གཟའས་བཙལ་མེད་བཞིན།། གན་བཟང་བདེ་ཆེན་ཐབས་ཀྱིག་སོ།། ཀུན་ཏུ་བཟང་མོ་གཉིས་མེད་མཁའ།། འདུ་འབྲལ་མེད་པའོ་ཆོས་ཕྲན།། བདེ་ཆེན་གཉིས་མེད་རེག་པའི་རྩལ།། ངེས་པའི་གས་སྒོམ་ཤེས་པ།། ཀུན་བཟེང་མྱོང་པ་ས་དོན་མརྟག།
171b4 ཉིམ་རྟེན་ཀྱིས་བསྒྲིབས་པ་འད།། སེམས་ཉིད་ཟིལ་བ་མེད་པ་ལ།། བསམ་པའི་དབང་ཤེས་བསྐུར་བྱས་ནས།། འཁོར་བའི་རྒྱམ་ཆུང་གཡངས་གྱུར་ཏེ།། ལྀ་ཤྲཱིས་པ་ལ་དེ་ལྟང་སྣང་།། རྫོགས་པ་ཆེན་པོ་ལྷ་བ་ཐམས་ཅད་ཀྱི་སློང་བ་ལས། བསྐྱེད་ཐོགས་གཉིས་མ།
171b5 བསྟན་པའི་ལེའུ་སྐ་ཅུ་པའོ།། ། དེ་ནས་སེམས་དཔའ་རྔརྗེ་ཡིས།། འདས་པའི་ཚོགས་ལ་ཕན་གདགས་ཕྱིང།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཡིད་ཀྱི་དྲན་པས་འདི་སྐད་གསོལ།། ཆོས་རྣམས་སེམས་སུ་འདུས་པ་ཡི།། ལྡན་གྱིས་གྲུབ་པའི་ལྟ་བ
171b6 གང་།། མཚན་མ་ཟིལ་གྱིས་ཇི་ལྟར་གནན།། འགྲོ་དྲུག་གཡངས་ཅི་ལྟར་བཅད།། ཡེ་ཤེས་དོན་ལ་ཇི་ལྟར་བསྒོམ།། མཉམ་པའི་རྒྱལ་ཐོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་ཚོ་ག་གསན་ནས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་ཙཀ
171b7 སྩལ་པ།། སེམས་སུ་ཆོས་རྣམས་གཅིག་པ་ལ།། འཁོར་བ་མྱ་ངན་འདས་པའི་ཆོས།། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ཏེ།། ལོག་རྟོག་ཡེ་ཤེས་ཐ་དད་ཀྱང་།། སེམས་ཀྱི་ཆོས་ཉིད་དང་དུ་གཅིག། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། ནམ་མཁའ་འངའཚོན་ཅེ་བཞིན་དུ།།




iiif viewer powered by OpenSeadragon

171a - 172a

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud