e-texts navigator
Collection
Volume
Page
Wylie

171a1 དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། ཐམས་ཅད་རྩབ་གཅིག་པའི་ཕྱིར།། རང་གི་སེམས་ཀྱི་སྙིང་པོ་འདོན།། བསམ་གྱིས་མི་ཁྱབ་མ་ཤེས་པར།། བསམ་མད་དང་དུ་གང་འཛིན་པ།། བྱིས་པ་དེན་དྲན་པ་སྟེ།། མུན་པའི་སྐུ་མཆང
171a2 ཉིད་དུ་འགྱུར།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། རྒྱུ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ཆོས་ཉིད་སྤྱོང་པའི་དྲང་ལས་ནི།། དག
171a3 པྲ་བཞི་ཡི་སྒོ་ཞུགས་པས།། ཡོ་བྱད་ཕྱི་རོལ་གཅོར་འཛིན་པ།། ཀུན་རྫོ་པ་ལྷ་ཡི་དཀྱིལ་འཁོར་དུ།། མུད་དག་པ་ཡི་ཏིང་འཛིན་གྱིས།། སྐུ་ཡི་གཟུགས་བརྙན་ཕྱག་མཚན་དང་།། བཟླས་བརྗོད་གཙང་སྦྲ་དུས་ཚིགས་ཀྱི།། རྒྱུ་རྐྱེན་ཚོགས་པའི་དུས་མཐུ་མས།
171a4 རིག་གསུམ་དཀྱིལ་འཁོར་ལྷར་གསལ་ཡང་།། དངོས་གྲུབ་གཞན་ནས་རེ་བ་ནི།། ཁྱི་རྒན་འདབ་ཆགས་བསྒྲག་པ་འདྲ།། རང་སེམས་དབྱེ་བ་མེད་པ་ལ།། ཨུ་པ་ལཱ་ཡི་ཐེག་པ་ནི།། གོང་འོག་ལྟ་སྤྱོད་གཉིས་འཛིན་པ།། ནེ་ཚོ་མོ་སྐད་སྨྲ་བ་འདྲ།། ལོག་རྣལ
171a5 འབྱངས་པས་པ་འས་ག་སློ་གས་འོ།། མི་བྱད་ག་མ་ན་པ། དནང་མ་བྱུགས་མ་ཕྱྀས།། མཽད་ཀྱིལ་འག་འགས་པ་།། རྣམ་པར་སྨང་མ་ཅན་པ་པ། མ་ཤིངས་དག་པས་བྱིན་འབྲངས།
171a6 ལྷ་དང་བདག་ཏུ་མཉམ་པ་ཡིས།། དམ་ཚིག་ཡེ་ཤེས་ལྷར་གསལ་ཀྱང་།། རྒྱལ་སྲིད་མེད་པའི་བློན་པོ་འདྲ།། དྲི་ཡང་འདུས་པའི་ཚོགས་རྣམས་ཀུན།། བླ་མའི་དོན་མིན་ནན་བརྟགས་ཀྱིས།། དམིགས་པ་ཅན་ལ་སེམས་གཏད་ཀྱང་།། རྣམ་པར་གྲོལ་བར་མི་འགྱུར
171a7 ཏེ།། ནམ་མཁའ་དག་ལ་འཛིན་པ་འདྲ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཕྱ་རླུད་ཀྱི་ལྦ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་འདུས་པའི་ཚོགས་ཆེན་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བ་མྱ་ངན




iiif viewer powered by OpenSeadragon

170b - 171b

Texts on this page

Gdg002.4 - rdzogs pa chen po'i lta ba thams cad kyi snying po'i rgyud