| | e-texts navigator
|
169b1 དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཆོས་རྣམས་གཏན་ལ་དབབ་པའི་ཕྱིར།། དན་གྱི་སྙིང་པོ་འདི་གསུངས་པ།། རྣབ་བཞི་ཡིས་མདོར་བསྡུས་ནས།། འཕང་ཆེན་དྲུག་གིས་གཏན་ལ་དབབ།། མན་ངག་ལྔ་ཡིས་ལ་བཟླས་ལ
169b2 གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། རྩ་བ་བཞི་ཡིས་མདོར་བསྡུབ།། གཞི་ངེས་ལྟ་བ་ཕྱོགས་མེད་དང་།། དོན་དང་མི་འབྲལ་ཏིང་འཛིན་དང་།། སྤང་ལེན་མེད་པའི་སྤྱོད་པ་དང་།། རེ་བ་མེད་པའི་འབྲས་བུ་དང་།། རྣམ་ལ
169b3 ཆུ་བསྡུས་པ་ཡིན།། འཁོར་གྱི་སྙིང་པོ་དེ་ཉོན་དང་།། གཏན་ལ་དབབ་པའི་འཕྲང་དྲུག་ནི།། ལྟ་བ་སྐྱེ་མེད་དོན་གྱི་འཕྲང་།། བཙལ་བ་མེད་པར་ལྷུན་གྱིས་གྲུབ།། རང་སྣང་འགྱུར་མེད་ཏིང་འདི་ན་འཕྲང་།། བསྒོམ་པ་མེད་པར་ཡེ་ཤེས་གསལ།། ཉམས་ཀྱིས
169b4 རིམ་པའི་གདམས་ངག་འཕྲང་།། གོ་རིམ་མ་འཁྲུགས་དབྱིངས་སུ་སླེབ།། ལྟ་བ་ཤེས་རབ་རྟོགས་པའི་འཕྲང་།། ཆོས་རྣམས་ཀུན་གྱི་ཁྱད་པར་དབྱེ།། ལྟ་བ་གདེང་མེད་གོལ་བའི་འཕང་།། ཅི་ཙམ་བསྒོམས་ཀྱང་དོན་མེད་འཁྱམས།། ཕྱིར་རྒོལ་རྩད་གཅོད་ཚིག་གི
169b5 འཕྲང།། དམ་ཚིག་སྐྱོན་ལ་རང་གཞུང་བས།། དེ་དག་དྲུག་གིས་གཏན་ལ་དབབ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། མན་ངག་ལྔ་ཡིས་ལ་བཟླ་ལ།། སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར།། གཉིས་ས་མེད་པར་ལ་བཟླའོ།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།།
169b6 ལྡན་གྱིས་གྲུབ་པར་ལ་བོཌྷའོ།། གཙང་དང་མི་གཙང་གཞི་གཅིག་པས།། བྲང་དོར་མེད་པར་ལྔ་བཟླའོ།། སྨོན་དང་ཡོན་ཏན་དབྱེར་མེད་པས།། བསྒོམ་དུ་མེད་པར་ལ་བཟླའོ།། འཁྲུལ་དང་མ་རིག་དངོས་མེད་པས།། དུག་ལྔ་ཡེ་ཤེས་ལ་བཟླའོ།། ད་ཡང་འདུས་པ
169b7 ཚོགས་རྣམས་ཀུན།། ཡིད་ཅེས་པ་ཡི་གཏན་ཚིགས་ནི།། རང་སེམས་སྐྱེ་མེད་གཏན་ཚོགས་ཀྱིས།། ལྷུན་གྱིས་ཐུབ་པར་ཡོད་རྫསཿ།། རོལ་པ་འགག་མེད་ག་ཏན་ཚིགས་ཀྱིས།། གང་ཡང་མི་འགག། ཡིད་ཆེས་བྱ།། མཚན་ཉིད་གཉིས་མེད་གཏན་ཚོགས་ཀྱིས།།
iiif viewer powered by OpenSeadragon
169a - 170a