e-texts navigator
Collection
Volume
Page
Wylie

167b1 རྟོགས་པ་ལ།། མཚན་མ་སྣ་ཚོགས་སྔང་རླུང་མི་སྣང་རུང་།། སྐྱེའི་ཆི་མེད་པའི་ཡེ་ཤེས་དོན་རྟོགས་ན།། རྒྱ་རྐྱེན་འདུས་བྱས་རྟག་ཟུང་མི་རྟག་རུང་།། ཡེ་ནས་ཆོས་སྒྲ་ཡིན་པའི་དོན་རྟོགས་ན།། ངགཅོད་རྩོལ་བ་བྱེད་རུང་མ་བྱེད་དྲུང་།། གསེལ་གཉིས་མེད་ངེས་པའི
167b2 དན་མཐོང་ན།། གཅིག་དང་དུ་མར་བྱེད་རུང་མེ་བྱེད་རུང་།། མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་རྟོགས་ན།། མཐོ་དམན་བཟང་ངན་བྱེད་རུང་མི་བྱེད་རུང་།། རང་བྱུང་བགྲོད་པ་མེད་པའི་དོན་རྟོགས་ན།། ས་ལམ་རིམ་པར་བགྲོད་དུང་མེ་བགྲོད་རུང་།། ཡེ་ཤེས་གསལ་སྒྲིབ་མེད
167b3 པའི་དོན་རྟོགས་ན།། སྣང་བ་མུན་པ་སྤོས་ཆུང་མི་སྲོས་དྲང་།། དེ་ཡང་འདུས་པའི་འཁོར་ཀུན་ཉོན།། རང་བྱུང་རིག་པ་འདི་ཡི་དོན་རྟོགས་ན།། སངས་རྒྱས་ཡེ་ཤེས་སྙིང་པོ་ཆོས་སྐུ་ཡང་།། ད་ལྟ་བསྒྲུབས་ནས་འབྱུང་བ་མ་ཡིན་ཏེ།། ཡེ་ནས་རང་ལ་གནས་པའི་སྙིང་པོའི་ཆོས།།
167b4 འཁོར་བའི་མིང་མེད་སངས་རྒྱས་འབའ་ཞིག་ཡིན།། དེ་ཡང་འདུས་པའི་སྙིང་པོའི་སེམས་དཔའ་ཉོན།། དེ་ཉིད་དུས་འདིར་ཤེས་པས་རྟོགས་པ་ནི།། ཡང་དག་སངས་རྒྱས་ངེས་པའི་དོན་ཆེན་གྱིས།། ཡེ་ཤེས་མངོན་གྱུར་སངས་རྒྱས་དུས་གཅིག་བྱུང་།། དེ་ཕྱིར་ལུང་ལྡན་མན
167b5 ངག་གཅེས་སུ་ཆེ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཐུན་མོང་ཆོས་རྣམས་ཟིལ་གྱིས་གནོན་པའི་ལེའུ་སྟེ་བཞི་བཅུ་པའོ།། ། དེ་ནས་འདུས་པའི་སྙིང་པོ་འཁོར་རྣམས་ལ།། སྟོན་པ་ཀུན་རིག་རྒྱལ་པོས་དོན་གཏད་པ།།
167b6 ཐག་པའི་རྒྱལ་པོ་ཆོས་ཉིད་ལྷན་རྫོགས་འདི།། སྐལ་ལྡན་འདས་པའི་འཁོར་རྣམས་ཁྱེད་ཀྱིས་ཀྱང་།། ཆུད་འདི་ཡིད་ལ་བརྣགས་ཤིང་བཅང་བར་གྱིས།། ད་ཡང་འདུས་པའི་རྡོ་རྗེ་སྙིང་པོ་ཉོན།། སྤྱོད་པ་ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕངས་ཆོས་འདོད་ཐབས
167b7 ཀྱིས་འདྲ་བ་ལ།། ཡེ་ཤེས་གཏིང་རྫོགས་རྒྱུད་ཆེན་ལྟ་བ་འདི།། སྣོད་ངན་རྣམས་ལ་རྣམས་ཀྱང་བསྟན་པར་མ་གསུངས་སོ།། བཀའ་བཞིན་མ་ཐས་དོན་གྱི་སྙིང་པོའི་ཆོས།། འཇིག་རྟེན་ནོར་འདོད་དོན་སྟོན་རྣལ་འབྱོར་ལ།། སངས་རྒྱས་བཀའ་མཆོག་བཀའ་ཆད་འབྱུང་ངེས




iiif viewer powered by OpenSeadragon

167a - 168a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud