e-texts navigator
Collection
Volume
Page
Wylie

166b1 ལ་ཤེས་ཡིན་པར་ཡང་ཀྱང་ཆེས།། གཞན་ལས་མ་བཅོལ་རང་ལས་རྙེད་པའི་བྱེད།། གཉེན་པོས་མ་བསྐྱེད་དང་བཞིན་གནས་པས་ན།། ཝས་དག་ཚད་དུ་རྩོལ་བ་མེད་པས་ན།། མ་བཙལ་ལྡན་གྱིས་གྲུབ་པར་ཡིད་ཀྱང་ཆེས།། ཕྱི་ནང་ཐེག་པ་མ་ལུས་བཀའ་མཛན།།
166b2 ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར།། རྩོལ་བས་རྩོལ་མེད་དོན་འདི་བསྟན་པ་ཡིས།། ཡེ་ཤེས་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས།། སྡེ་སྣོད་ཆོས་རྣམས་མན་ངག་ཀུན་ཀྱང་ནི།། འབྱུང་གནས་གཏན་ལ་འབེབས་པའི་ཆོས་ཡིན་པས།། བསྟན་པས་གོ་ཞིང་ཏོགས
166b3 པར་འགྱུར་བའི་ཕྱིར།། ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས།། དྲང་དོན་བློ་ཁྲིད་ཆོས་ཀྱི་རྣམ་གྲངས་ཀྱི།། ཆུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་ཕྱིར།། ཐེག་པའི་ཡང་རྩེ་ཡིན་པར་ཡིད་ཀྱང་ཆེས།། ངེས་དོན་སྙིང་པོ་མན་དག་གས་མེན་འདི།། དུས་གསུམ
166b4 སངས་རྒྱག་ཀུན་ས་ལམ་ཡིན་པས།། ངེས་དོན་ཆོས་སུ་རྟོགས་པས་ཆོག་པའི་ཕྱིར།། རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས།། ཀུན་གྱི་གཞི་མཆོས་ཉིད་རང་བྱུང་བས།། འཁོར་འདས་གཉིས་ཀྱི་མ་སྨིག་དོན་ཆེན་འདི།། ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་མས།། སེམས།།
166b5 ཅན་ཀུན་ལ་ཁྱབ་པའི་སྙིང་པོ་འདི།། ཐམས་ཅད་རང་ལས་གྱུར་པའི་ཡེ་ཤེས་ཏེ།། ལུང་ལྡན་བསྟན་པས་ཤེས་ཕྱིར་ངེས་པའི་དོད།། ངེས་པའི་སངས་རྒྱས་ཡིན་པར་ཡིད་ཀྱང་ཆེས།། ཡེ་ནས་གནས་པའི་ཆོས་ཉིད་སྙིང་པོ་འདི།། སྣང་བ་མེད་པར་ཀུན་ལ་ཁྱབ་པའི་ཕྱིར།
166b6 ཅོལ་མེད་དང་དུ་རྩོལ་བ་འདུས་པས་ན།། ཆོས་སུ་བརྡལ་བ་ཡིན་པར་ཡིད་ཀྱང་ཆེས།། རང་བྱུང་ངོ་བོ་ཉིད་སྒྲ་ཡི་གནས་ལ།། གཅིག་དང་དུ་མར་བགང་དུ་མེད་པ་སྟེ།། གཅིག་ཤེས་པས་ནི་ཆོག་པའི་དོན་ཡིན་ཕྱིར།། ཐིགའི་ཉག་གཅིག་ཡིན་པར་ཡིད་ཀྱར་ཆེས།། རླུང་ལ
166b7 ཡོད་ཀྱང་རྟོགས་པར་དཀའ་བ་ཡིས།། མ་བསྟན་རབ་ཏུ་མི་ཤེས་ངེས་པའི་ཕྱིར།། ཆོས་རྣམས་ཀུན་གྱི་སྙིང་པོ་ཆེན་པོ་འདི།། གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་ཆུད་ལས། ཅོལ་མེད་དང་དུ་ཡིད་ཆེས




iiif viewer powered by OpenSeadragon

166a - 167a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud