e-texts navigator
Collection
Volume
Page
Wylie

164a1 ཉམས་བསུང་གྱུར་ན།། རྒྱལ་བ་རྣམས་ཀྱིས་བྱིན་རླབས་ཡེ་ཤེས་ཚོགས།། འབྲས་བུ་ཅི་བསམ་འགྲུབ་ཅང་ཆོས་སྲུར་སྨིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་ཆུད་ལས། སྤྱོད་པའི་ངམཆོག་བསྐྱུང་བར་བསྟན
164a2 པའི་ལེའུ་སྟེ་སོ་གཉིས་པའོ།། ། དེ་ནས་ཀུན་རིག་སྟོན་པས་ཡང་གསུངས་པ།། སྣོད་ངན་ད་མ་ཉམས་ཁ་གསག་གཡོ་སྒྱུ་ཅན།། ལུང་ལྡན་ངེས་པའི་དོན་གྱི་གདེང་མེད་པར།། བཀའ་ལ་ག་ཟུ་ལུམས་བྱེད་ཅིང་ནན་བརྟགས་ཀྱིས།། ཟློས་བྱས་ཚིག
164a3 ཙམ་མང་དུ་སྨྲ་བྱེད་ཅིང་།། དོན་མེད་ང་རྒྱལ་དྲེགས་པའི་མཁས་འདོད་པས།། རང་གི་ལྟ་བ་ཡ་རབས་མཐོ་བཞེད་ནས།། ཚིག་ལ་མཉམ་སྤྱོད་མཁས་པའི་ཟླ་མེད་ཀྱང་།། དམ་ཚིག་འཚལ་པོར་བྱང་ཆུབ་སེམས་སྤངས་ནས།། ལོག་འདྲེན་ཁོང་གསོག་བདེན་ཅིག་ཅི་སྤྲས
164a4 ཀྱང་།། འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར།། གནམ་ལྕགས་མཁའ་ལས་འདམ་དུ་བྱིང་བ་བཞིན།། དམྱལ་བར་གཏན་དུ་ངོས་འགྲོ་སྙིང་དེ་རྗེ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། གསང་བའི་གསང་སྔགས་ལྟ་བའི་སྒོར་ཞུགས་ནས།
164a5 ཡང་དག་ཆོས་ཉིད་དོན་ལ་མི་འདུད་པར།། མི་ཆོས་ལུས་ངག་གཡེང་བའི་ལས་བྱེད་པ།། རི་བོས་སྲོག་ཆགས་ཆུང་ངུ་མནན་པ་ལྟར།། མི་ཤེས་རང་གི་ཆོས་བསྙེམས་བྱེད་པ་དེ།། ནམ་ཡང་སངས་རྒྱས་ཐར་པ་ཐོབ་མི་སྲེད།། དེ་ཡང་རྡོ་རྗེ་སེམས་དཔའ་ང་ཉོན་ཅིག། རྒྱ་མཚོའི
164a6 འཇིང་གི་ཕ་བོང་དཀྱིལ་བསྐམ་ལྟར།། ཐེག་པ་འོག་མའི་སྡེ་སྣོད་ཆོས་མཉན་ཀྱང་།། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར།། དམ་ཚིག་ལུང་ལས་ཆོས་ཀྱི་ཁུངས་ཕྱུང་ནས།། བྱར་མེད་ཆོས་ཀྱིས་ངརྒྱལ་བློ་སྐྱེས་ནས།། ལུས་ངག་རྩིང་ཆོས་ཕད་དྲལ་སྤྱོད་བྱེད
164a7 ལ།། སངས་རྒྱས་བཀས་ཀྱང་འཁོར་བར་འི་སྤོབས།། སྡུག་བསྔལ་ཡངའི་འབྲས་བུར་ཐེ་ཚོམ་མེད།། ལྟ་བ་ཉམས་པའི་ཉེས་སྐྱོན་ཆེན་པོ་ནི།། ཐང་མེད་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་།། ལས་དབང་སྒོ་སྤར་ངན་པས་རྐྱེན་བྱས་ནས།། ཐར་མེད་སྡུག་བསྔལ




iiif viewer powered by OpenSeadragon

163b - 164b

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud