| | e-texts navigator
|
162b1 གནས་མཐའ་ལ་ཞེན་པ་སྟེ།། མརྟོགས་བསྒོམ་མེད་དོན་གྱི་གདེང་དང་བྲལ།། དེ་ཕྱིར་མཐའ་ཡི་བལྟ་བནོར་པའི་བློ།། དུ་ཡང་དང་ལྡན་འཁོར་རྣམས་ཡིད་ཀྱིས་ཉོན།། ཨ་ཏི་བ་མན་ངག་ཆོས་སྒྲའི་སྙིང་པོ་འདི།། བསྒོམས་ཀྱང་འགྲལ་མེད་རང་སེམས་ནམ་མཁའ་འདྲ།།
162b2 མ་བསྒོམས་པས་ཀྱང་ཆོས་སྒྲ་སྟོང་བྲལ་མེད།། བྱང་ཆུབ་ལམ་དུ་སེམས་ཉིད་རྟོགས་པ་གཅེས།། རྡོ་རྗེ་སེམས་དཔས་ཡིད་ཀྱིས་དོན་ཞུས་པ།། སངས་རྒྱས་སེམས་ཅན་གཅིག་གམ་ཐ་དད་ལགས།། ཐ་དད་འབྲེལ་མེད་ཐུགས་རྗེས་ཕན་མི་ནུས།། གཅིག་ན་འགྲོ་དྲུག
162b3 སུག་བསྔལ་ཅི་ཕྱིར་འབྱུང་།། ཀུན་རེག་སྟོན་པས་བཀའ་སྩལ་ཡིད་ཀྱིས་ཉོན།། དེ་གཉིས་སོ་སོར་སྣང་བ་མ་ཡིན་ཏེ།། རྟོགས་ན་ངོ་བོ་གཅིག་ཕྱིར་ཐུགས་རྗེ་འབྱུང་།། རང་སེམས་མ་རིག་རྣམ་རྟོག་སྡུག་བསྔལ་ཡིན།། དོན་ལ་དེ་བྱེད་མེད་སེམས་ཉིད་ལྡན་གྱིས་གྲུབ།། །
162b4 འདུས་པའི་ཚོགས་ཀྱིས་རང་དོན་ཡིད་ཀྱིས་ཁྲུས།། སངས་རྒྱས་སེམས་ཅན་རྒྱུ་འབྲས་ཡིན་གྱུར་ན།། སངས་རྒྱས་ལས་བྱུང་རྣམ་གསུམ་དོན་མེད་འགྱུར།། སེམས་ཅན་ལས་བྱུང་ཚོགས་གཉིས་འདུས་མི་རྟག། ཀུན་རིག་སྟོན་པས་བཀའ་སྩལ་པ།། སངས་རྒྱས
162b5 སེམས་ཅན་རྒྱ་འབྲས་རོ་གཅིག་ཕྱིར།། ལྟོས་པའི་གཅིག་ལ་གཅིག་འབྱུང་མ་ཡིན་ཏེ།། གཉིས་ཀའི་ངོ་བོ་རང་སེམས་ཆོས་སྐུར་གཅིག། སངས་རྒྱས་སེམས་ཅན་སྐྱོན་ཡོན་རྣམ་པ་གཉིས།། ཆོས་ཉིད་འཁྲུལ་པ་གང་རུང་གཞིར་བཞག་ལ།། གཉིས་ཀ་ལྟར
162b6 ཡང་རྩོད་ན་མི་འགལ་ཕྱིར།། མ་རིག་ཡེ་ཤེས་གང་ཟག་ཕྱོགས་བཟུང་ན།། ཀུན་ཀྱང་ཡིན་ལ་ཐམས་ཅད་མེད་པའི་ཕྱིར།། རྒྱུ་ཡོད་དང་ནི་རྒྱུ་མེད་གང་འཁྲུལ་པ།། གགེ་འཇོག་མ་ནོར་ཤིན་ཏུ་གཅེས་པར་གསུངས།། རྡོ་རྗེ་སེམས་དཔས་འཁོར་གྱི་དོན་ཞུས་པ།། རང
162b7 ལ་ཡོད་ན་མཁས་པས་ཇི་ལྟར་སྟོན།། ཡེ་ནས་ཡོད་ན་མན་ངག་བསྟན་མི་དགོས།། མེད་ན་བོང་རྭ་བཞིན་རྒྱུ་མི་དམིགས།། ཀུན་རིག་རྒྱལ་པོས་འཁོར་ལ་བཀའ་སྩལ་བ།། ཡེ་ནས་རང་ལ་ཡོད་པའི་ཆོས་སྤུ་ནི།། བླ་མས་མཚོན་ནས་རང་སེམས་དོན་བསྟན་པས།།
iiif viewer powered by OpenSeadragon
162a - 163a