| | e-texts navigator
|
160a1 གས་རྣབ་རྗོ།། བ་ཀུན་འདས་ལནཏུ།། ད་འདུས་ན་ཐོས་མ་གས་ན།། རྫབ་སྤྱོང་བྱུ་དང་མདང་ནས་།། ན་ན་རྟག་མ་གམས་དུ་གྱུ་མ།། ན
160a2 ཀུན་གྱི་རྣལ་འབྱོར་ལ།། འཆིང་ཀྲོལ་སྤྱོད་པ་མེད་ཕྱིར་གོལ་ས་མེད།། རྫོགས་པ་ཆེན་པོར་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། སྤྱོད་པ་འཆིང་གྲོལ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། ། ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ།
160a3 བདེ་གཤེགས་མྱ་ངན་འདས་པ་ངེས་པའི་དོན།། ས་ལམ་ཡང་དག་ཆོས་སྒྲ་གཅིག་ལས་མེད།། གོང་འོག་ཏེ་རིང་ཡོད་པར་གསུངས་པ་ཡང་།། བློ་དམན་དྲང་བའི་དོན་དུ་བཤད་པ་ཡིན།། འདྲེས་པའི་འཁོར་རྣམས་ཡིད་ཀྱིས་དེ་ཉོན་ཅིག། ས་མེད་རྫོགས་ཆེན
160a4 ཆོས་སྐུ་ཡེ་ཤེས་ས།། གར་ཡང་མི་འགྲོས་མཆོག་སྦྱོར་ཆོད་པ།། བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ།། ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་ས།། རྡོ་རྗེ་སེམས་དཔའི་སྙིང་པོ་དེ་ཉོན་ཅིག། ས་ནི་དང་པོ་འཁོར་བར་མི་རྫོགས།། སྙིང་པོ་བྱང་ཆུ
160a5 མཆོག་ནི་ཡིན་ཤེས་ན།། གཟའ་ཞིང་བགྲོད་པའི་ཡུལ་ནི་ག་ལ་ཡོད།། བྱར་མེད་རྫོགས་པའི་ངང་དུ་རབ་རྟོགས་ན།། ལམ་ལ་གཟའ་ཞིང་ས་སྦྱངས་ཡུལ་ལས་འདས།། བགྲོད་མེད་སྙིང་པོ་ལམ་གྱི་མཆོག་སྟོན་པ།། གཞན་ནས་བཙལ་བས་རྙེད་པའི་གནས་མེད་དེ།།
160a6 ཡེ་ཤེས་ཆེན་པོ་ཀུན་ཏུ་ཁྱ་གནས་པ།། རང་བྱུང་ཡེ་ཤེས་རང་རིག་འོད་གསལ་བ།། ས་ལམ་བཙལ་དུ་མེད་དེ་སྙིང་པོའི་དོན།། རྣམ་པར་སྣང་མཛད་ཆེ་མཆོག་ཀུན་ཏུ་བཟང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཏོན།། དཔེར་ན་རྒྱལ་པོ་གཞན་དུ་མི་འགྲོ་བཞིན
160a7 རང་སེམས་ཡུལ་ལ་མི་སྤྱོད་དོན་ལ་གནས།། དེ་ཙམ་ཉིད་ནི་ཆོས་སྐུ་བདེ་བའི་ཀློང་།། ས་པ་མ་མ་བགྲོད་ཆོས་ཉིད་ཡེ་ཤེས་སྐུ།། ས་དང་ལམ་པ་ལྟོས་ན་བྱང་ཆུབ་གེགས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏད་ནས་རྫོགས་པའི་རྒྱུད་ལས།། ས་ལམ་སྦྱང་དུ་མེད
iiif viewer powered by OpenSeadragon
159b - 160b