| | e-texts navigator
|
159b1 གསུམ་དུས་གཅིག་མཐོང་འགྱུར་མ་ཞན་འགྱུར།། ཏིང་ངའཛིན་གྱིས་ས་ནངས་པར་ནོན།། བརྟོགས་ལྟས་ན་འདྲུང་བར་གསུངས་པ་ནི།། ནམ་མཁར་སེང་གེ་དོན་མོ་ཉ་མང་མེད།། དཟུང་བ་གཡས་གཡོན་ཏེ། འཆར་བ་དང་།། རི་དག་འམ་ཟུང་མཁའ་མྱ་ངས
159b2 འགྲོ།། སྤྲིན་ལྡིང་སྟེང་ན་འཇུག་པ་ལ་སོགས་འབྱུང་།། ད་ཡང་འདུས་པའི་ཚོགས་ཀྱི་སྙིང་པོ་ཉོན།། རྣལ་འབྱོར་དམ་པ་སྐྱེས་མཆོག་དམ་ཅན་ལ།། རྟོག་པས་པར་མཆོད་པས་པ་ཞེས་ཀློང་།། མཉམ་ཉིད་མཐར་ཕྱིན་ལམ་ཆེན་ཅན་བསྐལ་བས།། ཙི་དྷོ་ཏིང
159b3 ལས་ནི་མཉམས་རྨོང་།། གོམས་པའི་ཀློང་དུ་ཤིན་ཏུ་གསལ་འགྱུར་ཏེ།། རྒྱལ་བའི་དགོངས་པ་ཆོས་ཉིད་རང་བྱུང་ཀློང་།། བདག་གཞན་གཉིས་སུ་མཐོང་བ་ཅི་ཡང་མེད།། དེ་ཕྱིར་ཀློང་གསུམ་ལྡན་པའི་ཡེ་ཤེས་བཤད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས
159b4 རྫོགས་པའི་ཀླུད་ལས། རྟགས་བསྟན་པའི་ལདྲ་སྟེ་སྟེར་བཞི་པའོ།། ། དེ་ནས་འཇུས་པའི་འཁོར་གྱིས་ཡང་ཞུས་པ།། རང་སེམས་དོན་རྟོགས་རྣལ་འབྱོར་སྤྱོད་པ་ལ།། འཆིང་གྲོལ་མེད་པའི་སྤྱོད་པའི་དོན་ནི་གླེང་།། ས་ལམ་སྲུང་དུ་མེད་པའི་དོན་ནིཿ།
159b5 དམ་ཚིག་བསྲུང་དང་ཉམས་པ་ཇི་ལྟར་མེད།། ལ་བཟླ་དོན་གྱི་ལྟ་བ་གང་ལ་བགྱི།། དེ་སྐད་གསོལ་བའི་དོན་གས་ན་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ཇི་ལྟ་བ།། རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད།། ཆོས་སྐུ་སྐྱེ་མེད་རྟོགས་ནས་འགྲོ་དོན་དུ།།
159b6 ལྟར་སྣང་བའི་གཟུགས་ཅན་སྤྲུལ་པའི་སྐུ།། མཛད་པ་བྱཅུ་གཉིས་འགྲོ་དོན་མཐར་ཕྱིན་པ།། ཐུགས་རྗེའི་སྤྲུལ་པས་གདུལ་བྱ་ཀུན་འདུལ་ཡང་།། ཡེ་ཤེས་བློ་ལྡན་སྒོམ་སེམས་རྡུལ་ཙམ་མེད།། བདག་དང་གཞན་དུ་རྟོག་པ་མེད་པའི་ཕྱིར།། ཡེ་ནས་གཉིས་མེད་དོན་གཅིག
159b7 ཆོས་ཀྱི་སྐུ།། མཐུན་འཇུག་མཚན་མར་སྤྱོད་པ་རྒྱ་མཚོར་ནི།། བྲགས་རྗེ་ཆེན་པོའི་འགྲོ་དོན་རྫོགས་པར་མཛད།། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་།། འགྲོ་བའི་དཔལ་མགོན་ཀུན་ཏུ་བཟང་པོ་སྟེ།། བདག་དང་གཞན་དོན་བླང་དོར་མེད་པའི་ཕྱིར།། སྤོང
iiif viewer powered by OpenSeadragon
159a - 160a