| | e-texts navigator
|
159a1 མེད།། དེ་ཡི་ཡོན་ཏན་རང་བྱུང་མཁང་དང་མཉམ།། ད་ཡང་འདུས་པའི་འཁོད་བྱ་སྙེང་པོ་ཉོན།། གདམས་ངག་གནང་ཟུང་དོན་ལ་ཉམས་པ་མེད།། ཆོས་ཉིད་དོན་ལས་མི་འདའ་ཀྱང་བུའི་ཐུགས།། ཆད་དུ་མི་དམིགས་དང་ལ་གནས་པར་ཚེ།། ལུས
159a2 ངག་སྤྱོད་པ་གང་ཡང་ཉམས་པ་མེད།། དེ་ཉིད་སངས་རྒྱས་དགོངས་པ་ཉམས་སུ་མྱོང་།། ལྟ་བའི་གདེང་ལྡན་ཡེ་ཤེས་རང་གསལ་ཐུགས།། དེ་ཡི་ཡོན་ཏན་སངས་རྒྱས་ཆོས་ཀུན་རྫོགས།། ཕྱི་མ་མ་ཡིན་དུས་འདིར་འབྲས་བུ་སྤྲིན།། དེ་ཡང་འཁོར་གྱི་སྙིང་པོ་ལེགས་པར
159a3 ཉོན།། རང་བྱུང་གད་ལ་ཁྱབ་བདེ་ལྡན་དགོངས་པའི་ཉམས།། སེམས་ཅན་དུས་ན་སངས་རྒྱས་འབྲས་བུར་ལྡན།། དེ་ཡི་ཡེ་ཤེས་ད་ལྟ་ཉིད་ཀྱི་སེམས།། དེ་ལྟར་རྟོགས་པ་དགོངས་པའི་ཉམས་སུ་གསུངས།། ཉམས་ཀྱི་རིམ་པ་དེ་དག་གསུངས་པ་ཡང་།། ངོ་བོ་ཆོས་སྐུ་དོན་གཅིག
159a4 རང་བྱུང་སྤུ།། དེ་དོན་ཡང་དག་འབྲས་ཟ་གཞི་ལ་གཅིག། དུས་གསུམ་རྒྱལ་བའི་ཡོན་ཏན་མ་ལུས་པ།། རྣལ་འབྱོར་དམ་པ་དེ་ལ་ཚང་ཞིང་རྫོགས།། རྫོགས་པ་ཆེན་པོ་དྷ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། ངེས་པ་དོན་གྱི་ལྟ་བའི་གདེང་ཉམས་བསྟོན་པའི
159a5 སྟེ་ཉེ་གསུམ་པའོ།། ། དེ་ནས་ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དོན་གྱི་རྟགས་ཆེན་འཁོར་ལ་བཀང་སྩལ་གཱ།། རྨི་ལམ་བག་ཆགས་བྱད་རྟགས་འབྱུང་བ་དང་།། ས་ཐོབ་ལྟས་དང་ས་ནོན་ལྷས་རྣམས་དང་།། ནད་རྟགས་ཀློང་གསུམ་ལྡན་པའི་ཡོན
159a6 ཏན་དང་།། འབྲས་བུ་ད་ལྟ་ཉིད་གྲུབ་ངེས་པར་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། དེ་དོན་ངེས་རྙེད་ཉམས་ནི་གསལ་བ་ལ།། རྨི་ལམ་བག་ཆགས་དག་རྟགས་འབྱུང་བ་ནི།། རྟག་ཏུ་གཅེར་བུར་ཕྱུང་དང་མེ་དཔུང་སྲེག། ཆུ་བོའི་ཕ་རོལ་ཆོད
159a7 པར་རྒྱལ་བ་དང་།། བུམ་ཆུས་སྤྱི་ནས་དག་པར་འཁྲུ་འདོད་དང་།། ནམ་མཁའ་དག་ལ་འཐར་དང་སྐྱིལ་ཀྲུང་འཆའ།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། རྣལ་འབྱོར་དམ་པས་ས་ཐོབ་འབྱུང་བ་ཡང་།། ལྗོན་ཤིང་འདོགས་དང་མཆོད་རྟེན་ཁར་ཕྱིན་དང་།། ཁམས
iiif viewer powered by OpenSeadragon
158b - 159b