e-texts navigator
Collection
Volume
Page
Wylie

158b1 ཀུན་ལ་ཐཱག། ཆོས་སྣ་ཙོག་ཏུ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔའ་གད་ཀྱིས་མཚན་དུ་མད།། ང་ཡང་རྔན་སེམས་དཔའ་ཡིད་ཀྱིས་ཉོན།། འཁོར་འདས་ཚིག་ལས་འདས་པའི་ཡེ་ཤེས་ནི།། དབྱིབས་དང་ཁ་དོག་དབང་པོ་དྲོད་ཡུལ་དུ།། སངས
158b2 རྒྱས་ཉིད་ཀྱིས་བསྟན་ཅིང་མཚན་དུ་མེད།། མཚོན་ཅིང་བརྟག་པར་དཀའ་བའི་རང་སེམས་དོན།། ཡོད་མེད་དབུས་ལས་འདས་པའི་བྱང་ཆུབ་དེ།། དངོས་མེད་ཡིད་ལ་དྲན་པའི་ཡེ་ཤེས་ནི།། ཀུན་བཟང་ཉིད་ཀྱིས་མི་གཟིགས་བརྟ་བའི་མཆོག། གཟུང་འཛིན་མཐ་བས
158b3 རྣམ་སྨ་ནི་ལུས་འདི་ལ།། དབང་པོ་ཡུལ་རྣམས་མིང་དུ་རྗོད་བྱེད་ཀྱང་།། དོན་ལ་ཕན་པར་རྡུལ་ཙམ་མཚོན་མི་ནུས།། དཔེར་ན་བུམ་པའི་ནང་གི་ནམ་མཁའ་ལ།། དངོས་མེད་བརྗོད་ཀྱི་ནམ་མཁའ་ཆེན་པོ་མིན།། དེ་བཞིན་རྩེ་གཅིག་མི་རྟོག་དོན་པསྒོམས་ཀྱང་།། ཡེ
158b4
158b5 རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་ཆུད་ལས།། མཚོན་དུ་མེད་པའི་ལེའུ་སྟེ་ཉེར་གཉིས་པའོ།། ། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྟགས་ཀྱི་རིམ་པ་ངས་བཤད་གྱིས།། ལེགས་པར་ཟུང་ལ་ཡིད་ཀྱིས་ང་ཉོན
158b6 ཅིག། ཞེན་མེད་རང་གསལ་བདེ་ལ་མི་གཡོ་བ།། དེ་ཉིད་རང་རིག་ཆོས་སྐུ་ཡེ་ཡིན་ཞེས།། དེ་ཕྱིར་གོལ་བ་མེད་པ་ཡེ་ཤེས་ཀློང་།། དེ་ལས་མི་འདའ་གདེང་ཆུད་མཆོག་གི་ཉམས།། དེ་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། དེས་དོན་ནང་དུ་གསལ་བཞེན་མེད་བདེ།།
158b7 ཆོས་ཉིད་དོན་རྟོགས་ཡེ་ཤེས་མི་གཡོ་བ།། རྒྱུན་དུ་འབྲལ་མེད་རང་གསལ་མོ་རྟོག་ཉམས།། དེ་དོན་རྐྱེན་གྱིས་མི་འགྱུར་རང་རིག་སྐུ།། ཐོག་མཐའ་ཆོད་པས་མ་རིག་མུན་པ་མེད།། དེ་ཕྱིར་རང་བྱུང་ཆོས་སྐུ་ཉམས་ཆེན་ལ།། དུས་གསུམ་གཅིག་པར་བྱིང་རྒོད་འཕེལ་འགྲིབ




iiif viewer powered by OpenSeadragon

158a - 159a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud