e-texts navigator
Collection
Volume
Page
Wylie

157b1 ཆོས་ས་མྱ་ངན་འདས་པའི་ཆོས།། ཀུན་ན་བཟང་བ་དང་བླང་ཡ་ཤེས་གྲགས།། རང་སེམས་རང་གིས་རིག་པ་ཆོས་ཀྱི་རྔ།། རང་སེམས་རང་བྱུང་འགྲོ་དྲུག་སེམས་ཅན་གྱི།། ཀུན་གྱི་གཞིམ་ཐོས་བྷ་ཡེ་ཤས་ལྔ།། གསུམ་ལྡན་འཁོ་རབས་བསྒྲིབས་པ་ལུས་ཡིན་ཕྱིར།
157b2 དུས་ཆོདདེ་བླ་མའི་གདམས་ངག་བསྟན་པའི་དོན།། གཞིན་ཆོས་སྨྲར་ད་བྱུང་དང་།། དང་པོ་སེམས་ཉིད་ངོ་བོ་ཉིད་ཀྱི་སྟེ།། རྩཝ་སྠིར་མ་བསྐྲད་ཆོས་སྐུར་གཅིག་པའི་ཕྱིར།། སྒོ་དངོས་གཅིག་པའི་དོན་ལ་བསྒོམ་མི་དགོས།། དེ་ལྟར་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།
157b3 སངས་རྒྱས་ཡེ་ཤེས་ཐུགས་དང་སེམས་ཅན་སེམས།། འབྲལ་མེད་སོ་སོར་སྣང་བ་མ་ཡིན་ཏེ།། བཙལ་མེད་རང་སེམས་ཆོས་སྐུར་གཅིག་པའི་ཕྱིར།། བློ་དངོས་གཅིག་པར་ཡིད་ཆེས་སེམས་ཉིད་ཡིན། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། འཁོར་བའི
157b4 སྡུག་བསྔལ་ལུས་འདི་སྒྲིབ་གཡོགས་དང་།། སངས་རྒྱས་སྐུ་དང་སེམས་ཅནི་དོན་གཅིག་ཕྱིར།། ཐ་མལ་འདི་ཉིད་ཡིན་རྟོགས་ཆོས་སྐུ་ལ།། གླང་དོར་མེད་པར་བློ་དངོས་ངོ་བོ་གཅིག། དཔེར་ན་ཆུ་ཉིད་ཆང་དུ་རྐྱེན་གྱིས་འགྱུར།། དེ་བཞིན་སྐྱེ་བོ་དང་སེམས་འདི་ཉིད་ལ།། བླ་མའི
157b5 རྐྱེན་གྱིས་རྟོགས་པས་བསྒོམ་མི་དགོས།། མ་བསྒོམས་ཕྱིར་ན་གོལ་མེད་བློ་དངོས་གཅིག། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། ཡེ་ཤེས་རྟགས་ནས་མཉམ་པའི་དོན་ཉིད་ལ།། ཀུན་དུ་མ་བརྗེད་རིག་པས་གསལ་ཐེབས་ནས།། གག་ཆགས
157b6 ཉོན་མོངས་རྟོག་པའི་སྐྱོན་གྱིས་ཀྱང་།། དེ་ལ་རྡུལ་ཙམ་མི་བསྒྲིབ་ཡེ་ཤེས་གསལ།། དཔེར་ན་སྐྱེས་བུ་སྔགས་ཀྱི་གདོང་ལྡན་པས།། དྲག་མ་བསལ་བར་དུག་ཉིད་སྨན་འགྱུར་ལྟར།། སྔ་ཕྱི་མ་སོང་ཆོས་སྐུ་ཡིན་ཤེས་ནས།། སྔ་ཕྱིར་མ་སྤངས་གློ་བུར་རང་སྟོང་ཕྱིར།།
157b7 གློ་དངོས་དབྱེར་མེད་རྟོགས་པའི་ཚད་ཡིན་ནོ།། རྫོགས་པ་ཆེན་པོ་སྒྲུབ་སོ་གས་གཏིང་ནས་རྫོགས་པའི་བྱད་ལས། བློ་དངོས་གཅིག་པར་བསྟན་པའི་ལེའུ་སྟེ་ཉི་ཟླ་པའོ།། ། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་སེམས་དོན་རྟོགས་སྦྱི




iiif viewer powered by OpenSeadragon

157a - 158a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud