e-texts navigator
Collection
Volume
Page
Wylie

156b1 ཡ་ཤས་དོན་ནི་ཇི་ལྟར་མཚོན་དུ་མེད།། ཉམས་དང་རྟགས་ཀྱི་རིམ་པའི་ལྟར་འབྱུང་།། དེ་སྐད་གསོལ་པས་ཐུགས་ཆུང་བཀའ་སྩལ་པ།། ས་མཁན་ལྡན་པའི་ཀུན་ཏུ་ཆུབ་ལྟར།། འཁོར་བ་མྱང་འདས་གཉིས་ཀྱི་བར་དོ་རྗེ།། ཐོག་མཐའ་ངེས་པར་གཟོད་པར་གདམས་ངག
156b2 གིས།། རང་ཟུང་ཡེ་ཤེས་ངོ་བོ་ཉིད་དུ་རྟོགས།། འབྲས་བུ་སྐྱེ་ཤི་མེད་པར་མངོན་སངས་རྒྱས།། དེ་ཡང་དེ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། སྨོན་བཏགས་མུན་པ་ངེས་པར་སངས་པ་བཞིན།། སྐྱེ་ཤི་རྣམ་གཉིས་འབྱུང་བའི་བར་དོ་རུ།། རང་སེམས་ཆེས་ཀྱུ་རོ་སྤང་མན་ངག།
156b3 གིས།། མ་རིག་འཁོར་བ་སངས་ནས་རིག་པ་རྒྱས།། ཉོན་མོངས་བག་ཆགས་རྣམ་རྟོག་གཞི་ནས་མེད།། ཆུ་བོ་ཆེན་པོ་གཞུང་འདྲིལ་ཉམས་མེད་བཞིན།། ཏིང་འཛིན་མཉམ་བཞག་རྗེས་ཐོབ་པར་དོ་རུ།། རྒྱུན་དུ་འབལ་མེད་ངེས་པའི་གདམས་དག་གིས།། བར་ཆད་རྐྱེན་ཐུབ་དོན་པ
156b4 འབྲལ་བརྙེད།། གཞན་ག་ནས་ཡེངས་པ་འགྱུར་མ་སྐྱིད།། ད་ཡང་འངས་དང་འཇོང་ཀྱི་ཉིད་ཀོན།། དང་པས་ཅུ་འརྗེས་དོ་བཐུང་ལྡན་བྱིན།། ཞེན་པའི་སྲས་སེམ་ས་གཉིས་ཀྱིབ་སྨྲ།། ཀྱཻ་ལོག་ལས་བཅད་པའི་མན་གཱ་གིས།། གླང་བུ་ཞིན་པའི་ཡུ
156b5 འདི་མེད་པའི་ཕྱིར།། ཨུ་མྲ་མེད་རྒོད་འཕྲོ་བྱིང་རྨུགས་གཞི་ནས་དག། དཔེར་ན་ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། སྲིད་པ་དག་གི་ལས་ཀྱི་བར་དོ་རུ།། སངས་རྒྱས་འབྱུང་བའི་དུས་ཀྱི་མན་ངག་གིས།། མཐར་ཐུག་འབྲས་བུ་ངེས་པའི་ཡོན་ཏན་འབྱུང་།། ཕྱིས་ནི་སྐྱེ་བ
156b6 གཞན་དུ་ལེན་མི་སྲིད།། དྲི་ཡིང་འདུས་པའི་འཁོར་རྣམས་ལེགས་པར་ཉོན།། གཡུལ་ངོ་ལེགས་པར་རྒྱལ་བའི་དཔའ་བོ་བཞིན།། བདག་གཞན་ཅོད་པ་བྱེད་པ་ཀུན་ལས་ཎྜལ།། གལ་མེད་རྩོད་པའི་ཚིག་གིས་མན་ངག་གི། རང་གཞུང་ཟབ་པར་ངེས་པའི
156b7 ཁྱད་ཆེན་འཕགས།། དེ་ཕྱིར་འཇིག་རྟེན་གསུམ་ན་འགྲན་བླ་མེད།། དེ་ཡང་འབུས་པའི་རྡོ་རྗེ་སེམས་དཔའ་ཞོན།། དེ་ཡང་གདམས་རག་དོན་བསྟན་འབྲས་བུ་ཡང་།། ཕྱི་མ་མ་ཡིན་དུས་འདི་ཉིད་དུ་རྟོགས།། དེ་ཕྱིརའི་འབྲས་བུ་ངེས་པའི་སངས་རྒྱས་ཐོབ།། ཆེ་བའི་ཡོན་ཏན




iiif viewer powered by OpenSeadragon

156a - 157a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud