| | e-texts navigator
|
155b1 གཞིལ་འགྱུར་བ་མེད་པས་ལྟ་བའི་གདང་།། ཡུལ་ལ་མི་ལྟོས་རང་དག་ཆོས་ཀྱི་སྐུ།། ཟླུམ་མཁའ་བཞིན་དུ་ཡེ་ཤེས་མཛུབ་མཉམ་བསྡུ།། དོན་ལ་འགྱུར་མེད་རང་རིག་ཡེ་ཤེས་ལ།། སྐྱོན་གྱིས་མགོས་སྒྲ་བདྲན་པ་ལ།། འཕོ་གུར་མེད་པས་ཆོས་ཐ~ཾད་གདལ་བར
155b2 ཀློང་།། མི་སྐྱེ་མི་འགག་ལྟ་བ་རང་གྱུར་ལ།། བསྒོམ་པས་མི་རྙེད་རྟོགས་པས་འགྱུར་མེད་དོན།། མ་བསྒོམས་འདུ་འབྲལ་མེད་ལྟར་རང་རིགཟུགས།། བསྐལ་པར་འཁྱམས་ཀྱང་ངོ་བོ་ཉིད་ལ་ནི།། སྐྱེ་འཆི་མེད་པ་རིག་པ་ལྟ་བའི་མཆོག། དོན་དུ་མ་བསྒོམས་ཡེ་ཤེས་མཐར
155b3 ཕྱིན་ལམ།། རེ་དོགས་མེད་ཕྱིར་འཁོར་བར་ལྷུང་མི་སྲིད།། གདོད་ནས་འགྱུར་མེད་བྱང་ཆུབ་སྙིང་པོ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་ཆུད་ལས། དོན་ལ་འགྱུར་བ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཀུན
155b4 རིག་སྟོན་པས་ཡང་གསུངས་པ།། འཁོར་འདས་སྣང་བ་གཅིག་ཏུ་མ་ངེས་པས།། འཁྲུལ་བའི་ཡུལ་རྣམས་ཇི་ལྟར་སྣང་བ་དེ།། བག་ཆགས་སྣ་ཚོགས་བརྟས་ཕྱིར་འཁྲུལ་ངོར་བདེན།། དོན་ལ་མི་བདེན་གཟུང་འཛིན་མཐུ་བརྟས་པས།། དེ་ལྟར་གོམས་པ་དེ་ལྟར་སྣང་བའི།།
155b5 ཕྱིར།། སྣང་བ་བློ་ཡིས་བརྟགས་ལས་ཡོད་མིན་ཏེ།། ཡོད་ན་འགྲོ་དྲུག་ཀུན་ལ་མཐུན་སྣང་རིགས།། དེ་ཡང་འདུས་པའི་སེམས་དཔའ་ཡིད་ཀྱིས་ཉོན།། གདོད་མ་རང་འཁྲུལ་ཀུན་གཞི་རྣམ་གསུམ་གྱིས།། རང་སེམས་མཐོང་སྣང་སོ་སོ་སྣ་ཚོགས་པས།། དེ་ཕྱིར་བག
155b6 ཆགས་སེམས་ནི་སོ་སོར་སྣང་།། ངོ་བོ་ཉིད་ཀྱི་སྐུ་ལ་འགྱུར་མེད་ཕྱིར།། བློ་ཡིས་བཏགས་པ་གཅིག་ཡུལ་གཅིག་མིན་པས།། རང་སེམས་འཁྲུལ་པར་སྣང་བར་ཐེ་ཚོམ་མེད།། དེ་ཕྱིར་དབང་པོ་ཡུལ་རྣམས་གཞི་ལ་མེད།། འཁྲུལ་པའི་རྟོགས་སེམས་འགྲོ་བ་སོ་སོའི
155b7 སེམས།། གཅིག་ན་དགེ་སྡིག་རྣམ་སྨིན་འབྲས་བུ་ཡང་།། མ་སྤྱད་སེམས་ཅན་ཀུན་གྱིས་མྱོང་བར་རིགས།། ལས་ཀྱི་རྣམ་སྨིན་ཐུན་མོང་མགྲུབ་ཕྱིར།། བག་ཆགས་བརྟས་པས་འཁྲུལ་པའི་སྡུག་བསྔལ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། གཞི་དང་སྣང
iiif viewer powered by OpenSeadragon
155a - 156a