| | e-texts navigator
|
154b1 མ་བསྒྱུར་སངས་རྒྱས་སུ།། ལོག་ལྟ་ཡ་ཡིན་མེ་ཕན་འཁོར་བར་སྦྱིན།། རས་མེད་སྣ་ཚོགས་ལྷན་གྲུབ་ཡིན་ཟེར་ནས།། གཞི་ནི་ངེས་མེད་པ་ལྟབ་ཕྱོགས་མེད་འདོད།། རང་སེམས་སྣ་ཚོགས་ཕྱིར་ན་ཆོས་ཉིད་མིན།། དཔྱིར་རག་བྱང་སྨྲབ་བལྟབ་ཀོར།། དེ་ཡང
154b2 རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། གང་ཡང་སེམས་ཡིན་ལྷུན་གྲུབ་འདོད་པ་དེ།། གྱི་ནང་ཆོས་རྣམས་སེམས་སུ་ཟློས་སྡུས་པས།། དབང་པོ་ཡུལ་ཡེངས་ཕྱིར་ན་རང་སེམས་འཁྲུལ།། སེམས་ཙམ་ཀ་ཏ་རཱི་ལི་ལྟ་བ་དགོལ།། སྤྲོས་མེད་ཚུན་ཆེད་ལྡན་ཐབ་དད་པར།།
154b3 ཤི་ཤིང་ཟད་དཔེ་བཞིན་འདོད་པའི་ཕྱིར།། ཡེ་ཤེས་རྣམ་རྟོག་རྒྱུན་ཆད་སྤང་བྱ་མེད།། དེ་ཕྱིར་གཉེན་པོ་མེད་པས་གྲུབ་ཀྱི་བྲལ།། ཡེ་ཤེས་མེད་པར་འདོད་ཕྱིར་དོན་ལས་འཁྲུལ།། ད་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཐལ་དྲགས་གོང་རྒོལ་ལྷུན་ཐུབ་འདོད
154b4 པ་དེ།། ཆོས་ཅན་ཁ་དཀར་རྫས་ཅིག་གང་རུང་བ།། འཁོར་འདས་དུས་གསུམ་ཚང་ཞིང་རྫོགས་འདོད་པས།། གཅིག་ལ་གཅིག་མེད་གྲངས་ཅན་ལྟ་བར་གྲོལ།། གྲུབ་ཟིན་པ་ལ་བསྒྲུབ་པའི་ལྷུན་གྲུབ་དེ།། སངས་རྒྱས་ཡོན་ཏན་གྲུབ་ལ་སེམས་ཅན་སྐྱོན།།
154b5 དང་དོར་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར།། སྒྲོན་ཡོན་ཐདད་གཉིས་འཛིན་དོན་ལས་གོལ།། ཆོས་ཉིད་རྣམ་དག་ལྡན་གྲུབ་འདོད་པ་དེ།། ངོ་བོ་ཉིད་ཀྱི་གཞི་ལ་དགོངས་ནས་ནི།། དཔེན་རིན་པོ་ཆེ་ཡི་གསེར་གླིང་ལྟར།། སངས་རྒྱས་རྣམས་ཀྱི་དགོངས་པ
154b6 བསྒོམ་དུ་རྡུལ་ཙམ་དུ་ཡང་མེད་དོ་ཟེར།། རང་གི་སེམས་ཀྱིས་ཆོས་སྐུ་མ་རྟོགས་པར།། མི་ལྟོགས་ཕྱུག་པོའི་ནོར་རྣམས་བགྲང་བ་དང་།། སེམས་ཅན་སངས་རྒྱས་ཡོན་ཏན་བརྗོད་དང་འདྲ།། ཡེ་ནས་རྣམ་པར་དག་པར་འདོད་པ་དེ།། གནས་ལུགས་བདེན་སྟེ
154b7 རང་བློ་འཁྲུལ་སྡང་ཚུལ།། ད་ཡང་འཁོར་གྱི་སྙིང་པོ་ཡང་ཉོན་ཅིག། དགོས་པ་མེད་པའི་ལྷན་གྲུབ་འདོད་པ་དང་།། རང་སེམས་སྙིང་པོ་ཡེ་ཤེས་མ་རྟོགས་པར།། དགེ་རྩ་ཀུན་ལ་ཐུན་མོང་བསྔོ་བའི་ཕྱིར།། སྡིག་ཅན་སྒྲིབ་ཀྱང་ཚོགས་སུ་འགྱུར་འདོད་གོལ།།
iiif viewer powered by OpenSeadragon
154a - 155a