e-texts navigator
Collection
Volume
Page
Wylie

153a1 རྒྱུད་ལས། ལྕགས་མཚམས་འཛིན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཀུན་རིག་ཆོས་རྗེས་ཡང་གསུངས་པ།། མི་ཡའི་བལྟ་བ་རྒྱམ་ཉིད་སྟོང་བསྒོམ་ནས།། སྣང་བ་ཀུན་རྫོབཚོ་འཕྲུལ་རིགས་གསུམ་ལྡ། རྫ
153a2 འབངས་རིམ་པ་བཞིན་ང་དངོས་གྲུབ་རེ།། གཞི་ལ་གཅིག་པར་མ་རྟོགས་དོན་དང་འགལ།། གཉིས་ཀ་རྒྱུད་ཀྱིས་ལྷ་སྤྱོད་ལ་འགལ་སྟེ།། གོང་འོག་གཟུང་འཛིན་ཐེག་པས་མ་ཟིན་པས།། རྩ་བ་གཅིག་ཏུ་མ་ཤེས་དོན་དང་བྲལ།། ལྷ་སྤྱོད་གོང་འོག་གཉིས་འདོད་རང
153a3 ཉིད་འཁྲུལ།། རྣལ་འབྱོར་ལོགས་ཆོས་དབྱིངས་དཀྱིལ་འཁོར་དུ།། སྤུན་དང་གྲོགས་པོ་མཉམ་ཉིད་ལྷར་བསྒོམས་པས།། ལུས་ངག་རྩོལ་བ་ཡོད་ཕྱིར་གོལ་བ་སྟེ།། ཇི་ལྟར་ནན་གྱིས་བསྒོམས་ཀྱང་ཆོས་སྐུ་མིན།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཆེད་དུ་བསྒྲུབ་དང་རྩོལ
153a4 བ་ཅེ་སྤྱད་ཀྱང་།། བྱས་པ་དོན་མེད་སྡུག་བསྔལ་གྱི་ནང་འཁྱམས།། ཅོལ་སེམས་བྱས་པས་ཐམས་ཅད་དོན་མེད་འཁྲུལ།། བླ་མེད་བྱང་ཆུབ་ཆེན་པོའི་གེགས་སུ་ཆེ།། ཇི་སྲིད་དངོས་པོ་མཚན་མ་རིགས་ཀྱི་བར།། དེ་བཞིན་ལྷ་ཡི་སྐུ་ཡང་ཤིན་ཏུ་རགས།། དེ་ཕྱིར་དངོས་པོ
153a5 མཚན་མ་མེད་ན་ནི།། ལྷ་ཡི་སྐུ་ཡང་གཞི་ལ་མེད་པའི་ཕྱིར།། བློ་དམན་དྲང་བའི་དོན་གྱི་གསང་སྔགས་ལ།། དེས་དོན་སྙིང་པོ་དོན་གྱི་བལྟ་བ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ཟས་རྫོགས་པའི་རྒྱུད་ལས། རྩོལ་བ་ཕྲ་རགས་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །
153a6 དེ་ཡང་རྡོ་རྗེ་སེམས་དཔའ་ལེགས་པར་ཉོན།། གཉིས་སུ་མེད་པའི་ཆུད་ཀྱི་ལྟ་བའི་གཞི།། སྣང་བ་འདི་ཉིད་ཡེ་ནས་སྐྱེ་བ་མེད།། སྐྱེ་མེད་ཉིད་ན་གང་ཡང་ཐམས་ཅད་སྐྱེས།། སྐྱེས་ཙམ་ཉིད་ན་རང་སེམས་དང་གིས་སྟོང་། དཔེར་ན་ཆུ་དང་མེ་ལོང་གཟུགས་བརྙན་བཞིན།། སྐ
153a7 དང་སྟོང་པ་དབྱེར་མེད་གདོད་ནས་དག། ད་ཡང་འཁོར་གྱི་སྙིང་པོ་ལེགས་པར་ཉོན།། ཆགས་གྲོལ་གཉིས་ཀྱི་ལམ་དུ་བསྟན་པ་ཡང་།། ཏིང་འཛིན་རྣམ་གསུམ་པ་སོགས་དམིགས་བསྒོམ་པ།། གཞི་ལ་རྩལ་མེད་ལམ་ལ་རྩལ་མོད་ཁྱེར།། རྟོག་ཚོགས་སུ་རབ་སྤར་དོན་དང་འགལ




iiif viewer powered by OpenSeadragon

152b - 153b

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud