| | e-texts navigator
|
152b1 ལེགས་པར་ཉོན།། ཉན་ཐོས་གང་ཟག་བདག་མེད་བློས་བྱས་ནས།། ལམ་དུ་ཀུན་འཟུང་བ་དང་སྡུག་བསྔལ་སྤང་།། ཕྱི་ནང་དབུགས་ལ་སེམས་གཏད་འགོག་པ་བསྒོམ།། སྔོན་གྱི་མར་མེའི་བསྟན་པ་ལ་ཞུགས་ནས།། ཤུག་ཐུབ་པའི་བསྟན་ལ་མཉམ་པར་བཞག
152b2 མ་འོངས་བྱམས་པར་སེམས་བསྐྱེད་དགྲ་བཅོམ་འདོད།། རེ་བ་ཡོད་ཕྱིར་ཆོས་ཉིད་གནས་ལུགས་འཁྲུལ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། རང་རྒྱལ་འདོད་པ་ཡུལ་རྣམས་ཕྱོགས་ཆས་སྟོང་།། སེམས་སུ་སྣང་བའི་ཆོས་རྣམས་མ་རྟོགས་པར།། ནེ་ཨོཾ་ཐུ
152b3 ལྡིང་བས་དྲ་དཔུང་བཅས་ནས།། སྒོ་ལྔའི་ཡུལ་ནི་མི་འགེག་རྒྱུབ་འགོག། རྫས་འབྲངས་མེད་པར་སྟོད་པ་ཟློས་བརྡུང་བསྒོམ།། ལུང་ལྡན་མན་ངག་མེད་ཕྱིར་རང་སེམས་གྲོལ། ཐེན་ཚོར་མིག་གི་ནམ་མཁའ་ཆུང་བ་ལ།། སྐེ་རགས་འབན་ཐག་ནན་གྱིས་འཛུད་པ་བཞེན།
152b4 ཡུལ་ལ་སྤང་སྡུད་ཞེན་པ་བྱེད་པའི་ཕྱིར།། ཡུལ་སེམས་ཅ་དད་བདག་མེད་བློས་བཏགས་ནོར།། དེ་ཡང་འདུས་པའི་འཁོར་གྱི་སྙིང་པོ་ཉོན།། མདོ་སྡེའི་ལྟ་སྒོམ་རྣམ་པ་གཉིས་གསུངས་པ།། སེམས་ཙམ་སྣང་བ་སེམས་སུ་གྲོས་སྡུད་བྱེད།། བདེན་གཉིས་བཟང་ངན་རིས་སུ་འབྱེད།།
152b5 པའི་ཕྱེར།། ཡང་དག་སེམས་སུ་འཛིན་པ་རགས་པར་གསུངས།། རྣམ་རིག་བླང་དོར་ཆད་དུ་ཡང་དག་བྱེད།། ཡུལ་རྣམས་འཁྲུལ་པ་གཉེན་པོས་སྤྱད་པར་འདོད།། དོན་དམ་འཁྲུལ་མེད་ཉམས་མྱོད་རང་གསལ་བ།། གླང་དར་ཡོད་ཀྱིར་ངེས་པའི་དོན་དང་འགལ། ད་ཡ
152b6 འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཐེག་ཆེན་དབུ་མའི་ཀུན་རྡོབ་སྒྱུ་མའི་ཡུལ།། དོན་མ་མཐའ་གཉིས་བྲལ་བའི་དམིགས་མེད་དེ།། ཞི་གནས་དང་ནི་ལྷག་མཐོང་ཟུང་འབྲེལ་བསྒོམ།། རྗེས་ཐོབ་མཉམ་བཞག་རིམ་གྱིས་ཡོད་ཕྱིར་གོལ།། ཡུལ་ལ་རྟོག་པ་ཞུགས
152b7 ནས་སེམས་ཀྱིས་གཞིག། ཡིད་ཀྱིས་དམིགས་བཞུགས་ནས་འདེན་བསྐྱེས།། ད་པྱིར་མ་རྟོགས་བདུད་ཀྱི་སྤོད་ཡུལ་ཏེ།། ལམ་ལ་རིམ་པར་བགྲོད་པའི་གྲངས་བུང་ན།། ཆོས་སུ་ཡང་དག་དོན་དྲུག་ལ་འགྱུར།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏི་ནས་རྫོགས་པའི
iiif viewer powered by OpenSeadragon
152a - 153a