| | e-texts navigator
|
152a1 དེ་ཚོ་སྣང་བ་གཉིས་ནི་ཉམས་སུ་ལུང་།། དང་བ་སྣང་བ་སྒེག་དྲུ་ང་བལྟར།། ཐུན་ནི་ཡོང་ཡང་འཇིག་ཏན་ཞིག་པར་མཐང་།། དེ་ཚེ་འཕོས་མ་ཐག་ཏུ་སྣང་བ་མཆེད།། སྲིན་འབྲུ་མོ་ཆེར་ལྟ་ཟུང་བརྒྱད
152a2 ཙམ།། སྣང་བ་ཐོབ་པ་མར་མེའི་རྩེ་མོ་ལྟར།། ཤིན་ཏུ་བརྟག་དཀའ་རབ་རིབ་འཐུང་བའི་ཚེ།། ཡེ་ཤེས་ཉུག་གིས་བྱུང་སྟེ་མ་རིག་བསླབས།། ད་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་བར་དོའི་འབྲེལ་བྱུང་བག་ཆགས་ཀྱིས།། སྔ་མའི་ལུས་དང་བཅས
152a3 ཡོད་སྙམ་པ་འབྱུང་།། བར་ངོའི་སྣང་བ་འགྱུར་བ་ཡིད་ཀྱི་ལུས།། འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་རང་ཡིད་ཀྱིས།། དབང་པོ་ཀུན་ཚད་ཐོགས་མེད་ཀུན་ཏུ་འགྲོ།། དེ་ནས་ཤེས་པའི་སྡང་བ་ཡང་འགྱུར་ཏེ།། ཕྱི་མ་གང་ལེན་ལུས་སུ་ཡོད་སྙམ་ནུས།། རྩཝ་སྒྲིལ
152a4 ཁྱིམ་སོགས་ཐག་པ་གང་རུང་དུ།། རང་དབང་མེད་པར་ཤེས་པ་མངལ་དུ་འདུག། ཞུགས་ནས་ཆགས་སྡང་སྐྱེས་ཏེ་ལུས་བླངས་པས།། སྐྱེ་རྒན་འཆི་ཅན་གྱི་འཁོར་བར་འཁྱམས།། ཡང་ནས་ཡང་དུ་འཁོར་བར་སྡུག་བསྔལ་བ་སྐྱེད། དེ་ཕྱིར་འཁོར་བའི་མཐའ་ལ
152a5 ཟད་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་ཆུང་ལས། མ་རྟོགས་པ་བར་དོར་འཁོར་བར་འཁྱམས་པའི་ལེའུ་སྟེ་བརྒྱང་བའོ།། །། དེ་ནས་འཁོར་གྱི་སྙིང་པོས་ཡང་གསོལ་པ།། དད་ལྡན་འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།
152a6 ཀུན་རིག་ཆོས་ཀྱི་རྗེ་ལ་འདི་སྐད་གསོལ།། མྱང་འདས་འོག་མའི་ལྷ་སྒོམ་ཇི་ལྟར་དབྱེ།། ཐེག་པའི་བྱེ་བྲག་ས་ལམ་ཇི་ལྟར་སྦྱར།། ལྷུན་གྱིས་གྲུབ་པའི་འདོད་གཞུང་དབྱེ་བ་གང་།། མཉམ་པའི་རྒྱལ་པོས་ངེས་པར་བཤད་དུ་གསོལ།། དེ་སྐད་ཞུས་པའི
152a7 དོན་གསན་འཁོར་རྣམས་ལ།། ལྗོན་པས་ཟག་པའི་དབྱེ་བ་བཀའ་སྩལ་པ། མུ་སྟེགས་རྟག་ཆད་ལོག་ལྔ་འཛིན་པ་དང་།། ཉན་ཐོས་རང་རྒྱལ་མདོ་སྡེ་མཚན་ཉིད་དང་།། ཕྱི་བ་ཀྲྀ་ཡ་ཨུ་པ་ཡོག་དང་།། ནང་པ་མ་ཧཱ་ཨ་ཏྲ་ཡོག་རྣམས།། དེ་ཡི་དབུ་བངས་བཤད
iiif viewer powered by OpenSeadragon
151b - 152b