e-texts navigator
Collection
Volume
Page
Wylie

151b1 གྱུར།། འཁོར་འདས་བརྟེན་པང་ཡང་དེ་སྦྱར་གནས།། ད་ཡང་འདུས་པའི་སྙིང་པོ་ཡང་ཉོན་ཅིག། སྤངས་རྒྱས་བྱང་ཆུབ་ཉ་ད་ངོས་ལས་སྦྱིན།། རྫུ་འཕྲུལ་མཚན་དང་དབ་བུད་དཀུན་ཀྱ་ག་ན།། ཐམས་ཅན་ལུས་ངག་མི་དབང་དེལ་བརྟན།། ལུས་ས་ཀུན་གཞི་རྣམས
151b2 ཅད་བརྟེན་པའི་ལས།། དེ་ཡིས་དེ་ཉིད་མཚོན་པའི་དཔེར་གསུངས་པ།། ལུས་ཀྱི་ཀུན་གཞི་རང་གནས་ཁྱིམ་དང་འགྲ།། ཉི་མ་འཇུག་པའི་དཔ་གང་ལ་དམིགས་པ་འདྲ།། ཉི་ཟླ་གཟའི་སྐར་དཆར་བའི་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཡང་ཉན་ཅིག། དེ་དག
151b3 ཀུན་གཞི་རྣམ་གསུམ་བསྟན་པ་ཡང་།། ནང་གི་ཀུན་བརྟགས་སེམས་ཀྱི་ཀུན་གཞི་བསྟན།། ཕྱི་ཡི་ཀུན་བརྟགས་བག་ཆགས་ཀུན་གཞི་བྱུང་།། ཟུང་དུ་འཛེམ་པས་ལུས་ཀྱི་ཀུན་གཞིར་འགྲུབ།། རྫོགས་པ་ཆེན་པོ་ལྟ་ག་ཡེ་ཤེས་གཏིད་ནས་རྫོགས་པའི་རྡུད་ལས། ཉོན་མོངས
151b4 ལུས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ད་ཡང་འདུས་པའི་འཁོར་རྣམས་ཡང་ཉོན་ཅིག། ལུང་ལྡན་ངེས་པའི་གདམས་དག་མེད་པའི་མི།། སྐྱེ་བ་སྔགས་པ་བཙུན་པ་གང་ཡང་དྲུང་།། ཀུན་གཞི་རྣམ་གསུམ་བག་ཆགས་མཐུ་བཏས་པས།། དགེ་བ་འཆོས
151b5 སྡོད་ལས་རྣམས་ཅི་སྙེད་ཀྱང་། དོན་མེད་ཁམས་གསུམ་འཁོར་བར་འཁྱམས་པའི་སྐྱོན།། དེ་དོན་བཤད་ཅིང་ངེས་པར་འགྲོལ་གྱིས་ཉོན།། སེམས་ཅན་འཆི་ལྟས་རིམ་པར་འབྱུང་བ་ནི།། དང་པོ་འབྱུང་བས་ནི་ཚུལ་ཐིམ།། དེ་རྟགས་ཕུང་པོ་གཟུགས་ནི་མི་ཐེག་མྱི།
151b6 ལུས་ཀྱི་བཟག་མདངས་ཞུམས་ཕྱིད་ཁ་དོག་ལོག། དེ་ནས་ཆུ་ནི་མེལ་ཐི་མ་འགྱུར་ཏེ།། ཁ་སྐམས་མཆུ་དང་ལྕེ་ནི་ང་བཞིན་འགྱུར།། ཐམ་ཆུང་སྐབ་མི་ནུས་ཁང་མི་ཐོན།། དེ་ནས་མེ་ནི་རླུང་ལ་ཐིམ་འགྱུར་ཏེ།། ལུས་ཀྱི་དྲོང་ཤོར་ཤིན་ཏུ་ཐང་བ་འཐུང།། ད་ཚོ་ཤི
151b7 འདྲིད་གདོན་ཅིང་མིག་ཏུ་ཟློག། དེ་ནས་རླུང་བཞི། མ་ཤེས་ཐིམ་འགྱུར་ཏེ།། དབུགས་ནི་གས་མཐུལ་བུས་བྱེད་པ་འབུང།། དེ་ཚེ་ཆགས་སྡང་མིམ་ནི་དབུག་ཅིག་བསམ།། གནད་ག་ཅོད་གས་ནས་དྲན་པ་བརླག་པར་འགྱུར།། འདི་ནི་སྣང་བརྔུག་པའི་དུས་ཡིད་ཏེ།




iiif viewer powered by OpenSeadragon

151a - 152a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud