| | e-texts navigator
|
151a1 པོ་ཐུན་མོང་བ་དང་མ་ཡིན་གཉིས།། ཐུན་མོང་དད་པ་བརྩོན་འགྲུས་བཟོད་པ་དང་།། མོས་པས་དྲངས་པའི་ཏིང་འཛིན་ལ་སོགས་རྣམས།། ཐུན་མོང་མ་ཡིན་ཡེ་ཤེས་མ་རིག་དག། དབྱེབ་བག་ལ་ཉལ་དག་མངོན་གྱུར་གྱིས།། བསྟད་པས།
151a2 ངེས་པར་འགྲུབ་དང་གཞན་དུ་གྱུར།། གཞན་དུ་ལྟོས་དང་ངོ་བོས་འགྲུབ་པར་འདོད།། དབྱེ་བ་མ་ནོར་མི་འགལ་བསྟན་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་སེམས་དཔའ་ཉོན།། བག་ཆགས་རྩལ་ཀྱང་ཤས་ནི་ཆེ་ཆུང་སྟེ།། སྤྱི་ཡི་སྡུག་བསྔལ་སྐྱེ་རྒན་འཆི་ཡིན།། བྱམ
151a3 ཐལ་དགྲ་ཕྲད་མེད་བཙལ་མི་རྙེད་པ།། གང་སྲུང་འཁོར་བའི་བག་ཆགས་རྩལ་དུ་གསུངས།། མིང་ནི་གྲངས་ལ་མང་དུ་ཡོད་མོད་ཀྱང་།། བག་ཆགས་ཉོན་མོངས་རྟོག་པ་སྨོན་དང་གསོད།། སྒྲིབ་པ་ལྟུང་བ་གོལས་འཁྲུལ་པ་སྟེ།། ཡུལ་ཡོད་པརང་གྲངས་འཇུག།
151a4 པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། དེ་དབྱེ་སྣང་བའི་འཁྲུལ་པ་ཡུལ་ལས་འབྱུང་།། དེ་ཕྱིར་ཡུལ་སེམས་བར་དུ་གོལ་ས་གཅད།། དེས་ཚོད་བག་ཆགས་གཞི་ལ་གོས་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།
151a5 འཕྲལ་བྱུང་བག་ཆགས་ཀུན་གཞི་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་འཇུས་པའི་འཁོར་ལ་བཀའ་སྩལ་པ།། ལུས་ཀྱི་ཀུན་གཞི་དབྱེ་བའི་དོན་བསྟན་པ།། ལུས་ཀྱི་དགྱེ་བ་ངོ་བོ་མཚན་ཉིད་དང་།། དེ་ཡི་ལས་དཔེ་བསྟན་པས་རྟོགས་པར་གསུངས།
151a6 ཡང་འཇུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། དབྱེ་བ་རང་བཞིན་བག་ཆགས་ཡིད་ཀྱི་ལུས།། ཐོག་མ་ཐ་མ་ད་ལྟ་སོ་སོའི་ཁྱད།། ངེས་པར་གཏན་ལ་ཕབ་པའི་དོན་བསྟན་ཕྱིར།། གཟུགས་ནི་ཐ་དད་ལུས་ཀྱི་གཞི་ལས་བྱུང་།། ངོ་བོ་རྩལ་ཤུགས་ཐ་དད་ལྟ་བུར་ནི།། དངོས
151a7 པར་སྣང་དང་ཐེག་ས་ཐབ་དེལ།། གང་གི་སྲས་གཉིས་ཀྱང་ནི་པ་བདེན།། ར་ཏིག་ལུས་པར་ག་ཅགས་དབང་གིས་ང་།། དེ་མིམ་ཚ་ངས་པ་།། བགཆགས་སྲས་ཀྱང་ར་བ་ནི་ཡུས་ལ་བརྟེན།། གཅིག་དང་ཐ་ད་གཉིས་ན་པ
iiif viewer powered by OpenSeadragon
150b - 151b