e-texts navigator
Collection
Volume
Page
Wylie

148b1 གདུང་བ་བད་ཀྱར་ཡད་བྱོས་དན་གསལ་པ།། མངག་ལས་ཀྱིས་སྡུག་བསྔལ་འཐམས་པའི་སེམས།། གཟུང་བ་ན་པ་གཆགས་དབང་གིས་ཞན་པ་ལ།། ནཱམ་རྟག་དྲ་པ་གང་གྲེས་བཅད་པ་དེ་ཐབས།། ཐུགས་རྣ་ཆེན་པས་མོ་འོང་ན་མར་ཆད།།
148b2 ཏུ་རྣལ་འབྱོར་བཀའ་དོན་འབྱུང་བ་དཀང་།། སེམས་ཅན་ཚེ་ཐུང་སྐྱེ་ནས་གཏིང་ནས་ཐུག། མ་རིག་མུན་པས་གཏིབས་པ་སྙིང་རེ་རྗེ།། འགྲོ་དྲུག་འཁོར་བ་མི་སྒྲོལ་ཡི་རེ་མུག། རང་སེམས་ས་འཁོར་བདག་ལས་མཁན་མཛོད། སེམས་ཅན་ལས་ལཾ་ཐུགས
148b3 རྗེས་ཡི་ཆད་ཀྱང་།། སྙིང་རྗེས་འགྲོ་དོན་ཐུགས་རྗེ་མི་མཛད་དམ།། སེམས་ཅན་ལྷ་མེ་རྣམས་ནི་ཤེས་པ་རྩིང་།། དབང་པོ་ཡུལ་ལ་གཡེངས་པའི་གཟུང་འཛིན་གྱིས།། འཚོ་བ་དཀོན་ལ་ནཱད་དང་རྐྱེན་མང་བས།། ཐར་ལམ་མི་འཐོབ་འཁོར་བར་ལྟུང་ཞིང་འཁྱམས།།
148b4 ངེས་དོན་མན་ངག་རྟོགས་པར་བྱ་བའི་དོན།། བཀའ་བཞིན་སྣོད་དང་ལྡན་པར་དམ་བཅས་པས།། མ་བསྒོམས་འབྲལ་མེད་ངེས་དོན་ཐུགས་རྗེས་གསུངས།། རྫོགས་པ་ཆེན་པོའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། འཁོར་གྱིས་གདུང་བ་བཏོན་པའི
148b5 ལེའུ་སྟེ་གཉིས་པའོ།། ། དེ་ནས་འདུས་པའི་རྡོ་རྗེ་སེམས་དཔའ་ལ།། ཐུགས་ཀྱིས་གཟིགས་ནས་ངེས་པར་བཀའ་སྩལ་པ།། བསྒོམ་དུ་མེད་པ་མེ་འབྲལ་གདམས་ངག་རྒྱུན།། ཀུན་བཟང་དེ་ཡི་ཐུགས་ནས་བརྒྱུད་པ་ཡི།། ངེས་དོན་བྱིན་གྱིས
148b6 བརླབས་པའི་མཁས་པ་ལ།། རང་སེམས་རྟོགས་འདོད་སློབ་མ་ལས་ཅན་གྱིས།། དད་པས་རང་ཉིད་ཤིན་ཏུ་གུས་བྱས་ནས།། ལུས་དང་ལོངས་སྤྱོད་སྲོག་ལ་མི་བལྟ་བར།། སྲིང་མོ་བུ་མོ་ལ་སོགས་རབ་བརྒྱན་ཏེ།། རྟ་དང་གླང་པོ་ནོར་གྱི་དབྱིག་རྣམས་ཀྱང་།།
148b7 སེར་སྣ་མེད་པར་བླ་མ་དག་ལ་འབུལ། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཆོས་ཕྱིར་བརྩོན་འགྲུས་ཆེ་ལ་དམ་ཚིག་ལྡན།། བློ་བརྟན་ཤེས་རབ་ཆེ་ཞིང་དོན་གསང་ཐུབ།། ཚུལ་ཤིས་དང་བཟང་རྣམས་ཀྱི་དོན་གྱི་གཏེར།། དེ་དག་ཡོན་ཏན་བརྒྱ་ལྡན་སློབ་མ་ལ།། རབ་ཏུ་གས




iiif viewer powered by OpenSeadragon

148a - 149a

Texts on this page

Gdg002.3 - rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud