| | e-texts navigator
|
147a1 9། ། གཞན་བུ་ཆོས་ལ་ཕྲག་དོག་པས།། ཡོན་ཏན་མ་ང་ལྡན་གྱུར་ཀྱང་།། རང་སེམས་སྣང་པ་མཏོགས་ན།། གནོད་སྦྱིན་སྒོར་ལྷུང་རྟག་ཏུ་འཁོད།། མཉམ་ཉིད་མརྟོགས་རང་ཆུ་དུ།། ཆགས་སྤ་ཀྱད་སྡུད་པ་ལས།། དྲག་ལྔ་དང་ཁར་སྤྱད་ཉས
147a2 པས།། སྲིན་པོའི་སྒོར་ལྷུང་རྟག་ཏུ་འཁོར།། རང་དབང་ཏིང་འཛིན་མ་ཐོབ་པར།། འཁོར་དང་རིས་སུ་གཅད་བསམ་པས།། བདག་ཉིད་ཆེ་འདོད་འཁོར་སྡུད་པ།། ཤོ་གམ་གཅན་ཆེན་རྟག་ཏུ་འཁོར།། ཇི་བཞིན་མནོར་མ་རྟོགས་པར།། ལྷ་ལོག་གཞན་གྱི་སློབ་དཔོན་བྱེད།།
147a3 རང་ཉིད་མི་ཤེས་གཞན་གྲོལ་བ།། རུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར།། ཚིག་ཚོགས་ཕྲིན་ལས་ཅི་མཁས་ཀྱང་།། མ་རྟོགས་དངོས་པོར་འཛིན་པ་ཡིས།། རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར།། བགེགས་དང་བྱ་རོག་སྒོར་ལྟུང་འཁོར།། ཐབས་ལམ་དབང་ལ་ཁུངས་ཕྱུང་སྟེ།།
147a4 འདོད་ཆགས་རང་ཁར་བསྟེན་བྱས་པས།། ལྟ་བས་མ་ཟིན་བདེ་ལ་ཞེན།། ལྷ་ཆེན་སྒོར་ལྷུང་འཁོར་བར་འཁྱམས།། མ་རྟོགས་དང་བདག་འཛིན་པས།། གསང་སྔགས་ལྷ་སྤྱོད་ཡིན་ཟེར་ནས།། སེམས་ཅན་སྲོག་ལ་བརྩེ་མེད་གཅོད།། མ་སྟེགས་རྟག་ཆད་སྐོར་ལྟུང
147a5 འཁྱམས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་རྟོགས་དབང་གིས་རྩིང་སྤྱོད་པ།། ལུས་ངན་འདི་ཡིས་ལེན་པའི་ཕྱིར།། ལས་ངན་དགུ་པོ་གང་སྤྱད་ཀྱང་།། དམྱལ་བར་ངོས་འགྲོ་གཏན་དུ་འཁྱམས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཇོད་།
147a6 ལོའི་ནུད་ལས། མརྟོགས་པའི་ལྟུང་སྒོ་བསྟན་པ་ལ་ཝེཊ་སྟེམོ་གཉིས་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་དོན་གཏད་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི།། དད་ལྡན་འཁོར་རྣམས་ཁྱོད་ཀྱིས་ཀྱང་།། རྒྱུད་འདི་ཡིད
147a7 ལ་བརྣགས་ཤིང་བཅད་པར་གྱིས།། ཡང་དག་ངེས་པའི་རྒྱུད་ཆེན་འདི།། དང་མེད་སྣང་འཚོར་ཉམས་པ་ལ།། འདི་སྤེལ་སློབ་དཔོན་བསྐལ་བའི་གནས།། འདི་ལ་ཡིད་དུ་མི་འོད་གྱེན་རྣམས་འབྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣོད་དང་མི་ལྡན་མིང་ན་ནི།། ཚུལ
iiif viewer powered by OpenSeadragon
146b - 147b