| | e-texts navigator
|
146b1 འཁྲུག།། ས་བོན་མ་བཏབ་སོ་ནམ་བཞིན།། ངེས་དོན་མ་རྟོགས་ཆོས་སྤྱོད་ཀྱང་།། འབྲས་བུ་མེད་ཅིང་རང་བརླག་ནས།། མནར་མེད་འཁོར་བའི་རྒྱ་མཚོར་ལྷུང་།། དེ་ཕྱིར་མན་ངག་མེད་པའི་ཆོས།། ལུས་ངག་ལས་སུ་སྤྱད་གྱུར་ཀྱང་།། སྡུག་བསྔལ་རྒྱུ་ལས་ཕན་མ་ནུས།། མཏོག
146b2 ཆོས་སྐུ་དེ་བཞིན་ནོ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་།། རང་བྱུང་བདེ་བའི་འཁོར་མོའི་རྒྱུད་ལས།། མརྟོགས་པ་ཁྱམས་པའི་ལེའུ་སྟེ་སུམ་ཅུ་པའོ།། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་གཉིས་ཀྱི་བ་དོ་ཡི།། ཐོག་མཐའ་ག
146b3 པའི་དོན་མེད་ན།། ས་མཁན་མེད་པའི་ཚོད་པ་བཞིན།། སྐྱེ་ཤིའི་སྡུག་བསྔལ་ལས་མི་ཐར།། སྐྱེ་ཤི་གཉིས་ཀྱི་བར་དོ་རུ།། ཆོས་སྐུ་ངོ་སྤྲོད་དོན་མེད་ན།། སྨོན་མེ་མེད་པའི་མུན་པ་བཞིན།། མ་རིག་པ་ལ་སངས་དུས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དུས
146b4 བཞི་མཉམ་པར་སྦྱོར་བ་ཡི།། རྒྱུན་དུ་འབྲལ་མེད་དོན་མེད་ན།། ཆུ་བྲན་ཟིན་པས་སྐམས་པ་བཞིན།། ལྟ་བ་སྒོམ་པས་རྐྱེན་མི་ཐུབ།། སྲིད་པ་དག་གི་བར་དེ་ནི།། སངས་རྒྱས་དུས་ཀྱི་དོན་མེང་ན།། རིན་ཆེན་འདམ་དུ་སྦྱོར་བ་འདྲ།། འབྲས་བུ་མི་འབྱུང་མངལ་དུ་འཇུག། ད་ཡང
146b5 འདུས་པའི་སྙིང་པོ་ཉོན།། ཐེག་པ་གཞན་དང་རྩོད་དུས་སུ།། གལ་མདོངེས་པའི་དོན་མེད་ན།། གོ་མཚོན་མེད་པའི་དཔའ་བོ་བཞིན།། མན་ང་ག་ཟབ་མོའི་ཁྱད་མི་ཐོན།། དེ་ཕྱིར་གོ་ལས་དེ་དག་གིས།། རང་སེམས་སྙིང་པོ་མ་རྟོགས་ཕྱེར།། གདམས་ངག་མེད་ཀྱིར་འཁོར་བའི་སྐྱོན།།
146b6 བསྐལ་པར་འགྲངས་ཀྱང་དེ་མི་ཐོབ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གདམས་ངག་མེད་པའི་སྐྱོན་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འཁོར་ལ་བཀའ་སྩལ་པ།
146b7 མརྟོག་དབྱིག་གུའི་བུན་ཆོད་ཀྱིས།། མདོ་སྡེ་ཁ་ཟོན་བཏོན་གྱུར་ཀྱང་།། བདག་བསྟོད་གཞན་ལ་སྨད་པ་ཡིས།། ངན་མོང་སྒོ་། རུ་ངེས་པར་ལྟུང་།། གཞན་གྱི་བས་མ་སྦྱོར་བཟང་པོ་ལ།། བར་ཆོད་བྱེད་པའི་བདུད་ཡིན་ཏེ།། མ་རྟོགས་སེར་སྣ་བྱེད་པ་ཡིས།། བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས།
iiif viewer powered by OpenSeadragon
146a - 147a